e-texts navigator
Collection
Volume
Page
Wylie

150b1 ཉིད་ལུས་ཀྱིས་མངོན་དུ་བྱས་ནས་བསྒྲུབས་ཏེ་གནས་པར་བྱའོ་ཞེས་དེ་ལྟར་བསླབ་པར་བྱ་སྟེ། ཀུན་དགའ་བོ་ཁྱོད་ཀྱིས་ཀྱང་དེ་བཞིན་དུ་སླབ་པར་བྱའོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱིས་བཀ།
150b2 སྩལ་པ་ལ་མངོན་པར་བསྟོད་ཅིང་། རྗེས་སུ་ཡི་རང་བ་བྱས་ནས།། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱིས་སྤྱན་སྔ་ནས་ཕྱིར་སོང་ངོ་།། མདོ་ཆེན་པོ་སྟོང་པ་ཉིད་ཅེས་བྱ་བ།།
150b3 རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་འཛིན་མྱི་ཏྲ་དང་། པྲད་ཉ་བར་མ་དང་། ཞུ་ཆེན་གྱི་ལོ་བ་བར་དེ་ཡེ་ཤེས་སྡེ་ལས་སྩོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།
150b4 རྒྱ་གར་སྐད་དུ། མ་ཧཱ་ཤཱུན་ནྱ་ཏ་ན་མ་མ་ཧ་སཱུ་ཏྲམ། བོད་སྐད་དུ།། མདོ་ཆེན་པོ་སྟོང་པ་ཉིད་ཆེན་པོ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གྱིས་ཐོས་པ་དུས
150b5 གཅིག་ན་བཅོམ་ལྡན་འདས་སེར་སྐྱའི་གནས་ན། ཤིང་ནྱ་ཀྲོ་དའི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤ། མ་ཐབས་དང་། ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས།
150b6 བསོད་སྙོམས་ཀྱི་ཕྱིར་སེར་སྐྱའི་གནས་སུ་ཞུགས་སོ།། སེར་སྐྱའི་གནས་ནས་བསོད་སྙོམས་བཞེས་ཏེ།། ཞལ་ཟས་ཀྱི་བྱ་བ་མཛད་ཅིང་།། ཟས་ཕྱིས་ལེན་པའི་ཞལ་ཟས་སྤངས་ནས།། ལྷུང་བཟེད་དང་། ཆོས་གོས
150b7 བཞག་སྟེ། ཞབས་བསིལ་ནས།། ཤག་ཀྱ་དུས་པ་དེའི་གཙུག་ལག་ཁང་ག་ལ་བ་དེར་གཤེགས་སོ།། དེའི་ཚེ་ན་དགེ་སློང་རབ་ཏུ་མང་པོ་རག་གྱིས།། ཤག་གྱ་དུས་བདེའི་གཙུག་ལག་ཁང་དུ། ཐ་གབ་མྱེད་པར་བསྟན་རབ་ཏུ་མང
150b8 པོ་དག་བཏིང་སྟེ་དོང་ངོ་།། དེ་ནས་བཅོམ་ལྡན་འདས་གཙུག་ལག་ཁང་གི་ཕྱི་རོལ་དུ་ཞབས་བསིལ་ནས། ནང་དུ་ཡང་དག་འཇོག་གི་སླར་དུ་གཙུག་ལག་ཁང་དུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཕྱེ་བྲེད་ནང་དུ་ཡང་འཇོག
150b9 ལས་བཞེངས་ནས། ཤག་ཀྱ་ལྟག་པཱི་རིའི་གཙུག་ལག་ཁང་ག་ལ་བ་དེར་གཤེགས་སོ།། དེའི་ཚེ་ན་ཚེ་དང་ལྡན་པ་ཀུན་དགའ་བོ།། དགེ་སློང་རབ་ཏུ་མང་པོ་དག་དང་ལྷན་ཅིག་ཏུ་ཤག་ཀྱ་ལྷག་པའི་རིའི་གཙུག་ལག་ཁང་དུ་འདི་ལྟ་སྟེ།




iiif viewer powered by OpenSeadragon

150a - 151a

Texts on this page

Ng26.3 - mdo chen po stong pa nyid ces bya ba
Ng26.4 - mdo chen po stong pa nyid chen po zhes bya ba