e-texts navigator
Collection
Volume
Page
Wylie

66b1 པ་དང་། རབ་ཏུ་མྱི་སྟོན་པ་དེ་ནི་ལུས་ཞིག་ནས་ཤི་བའི་འོག་ཏུ། དམྱལ་བའི་ཆེན་པོ་ཚ་བར་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་སྡུག་བསྔལ་དྲག་པ་དང་། རྩུབ་པ་དང་། ཚ་བ་དང་། ཡིད་དུ་མྱི་འོང་བའི་ཚོར་བ་མྱོང་བར་འགྱུར་རོ།། ཕམ་པར་འགྱུ
66b2 བའི་ཆོས་བཞི་པའི་ལྟུང་བརྟག་པའོ།། ། དགེ་སློང་དག་དེ་སྨྲ་ལས་ན། ཀང་དེ་དག་བསྟན་པ་ཆོས་ཐོས་པ་རྣམས་ཀྱིས། བདག་ལ་ཕན་པ་བྱ་བ་དང་། སྙིང་རྩེ་བ་དང་། སྙིང་རྗེ་བ་དང་། དོན་འདོད་པ་དང་། ཕན་པ་ཚོལ་ལས
66b3 བརྩེ་བ་འདིས། བྱེད་ཅག་རྣམས་ཀྱིས་འདི་ལྟར་བྱ་སྟེ། དགེ་སློང་དག་དཀོན་པ་དང་། གིང་རླུང་དང་། ཁང་སྟོང་དང་། རི་ཐོད་དང་། རི་ཟུག་དང་། པ་ལ་ལ་ཕུན་འང་བྷུ་བ་ཤ་ཀ་དང་། དུར་ཁྲོད་དང་། ནགས་འདབ་དང་། བས་མ་པའི་རྣ
66b4 མལ་དུ་གནས་ཏེ། འདི་དག་ངེས་པར་བསམ་པར་བྱའོ།། དགེ་སློང་དག། བཀ་ཡོད་པར་གྱིས་ཤིཀ། འདི་ནས་ཀྱང་ཕྱིས་འགྱོད་པར་གྱུར་ད་པ་དེ་ལྟར་མ་བྱེད་ཅིག། འདི་ནི་དེའི་བསྟན་པའོ།། བཅོམ་ལྡན་འདས་ཀྱིས
66b5 དེ་སྐད་ཅེས་བཀའ་སྩལང་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཙོ། ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོད་ཏོ།། ། སྒྲུབ་བ་སྡེ་ལྔའི་དགེ་བ་དང་མྱི་དགེ་བའི་འབྲས་བུ་བརྟག་པའི་མདོའོ།།
66b6 རྫོགས་སྷོ།། ། ནི།། རྒྱ་གར་སྐད་དུ། རྒྱ་ས་བུ་ནྱ་མུ་ཏྲ།། བོད་སྐད་ཏུ། འཕགས་པ་སྐྱེས་བུ་ད་པའི་མདོར།། འཕགས་པ་འཇས་དཔལ་གན་ནུ་གྱུར་མ་པ་བྱུ
66b7 འས་མོ།། འོདི་སྲང་བདག་ཀྱིས་མོས་པཅུས་གཅིག་ན། བཅོམ་ལྡན་འདས་གཏན་ཡོད་ན། རྒྱས་བུ་རྒྱས་བྱེད་ཀྱི་འདས། མགོན་བྱེད་པཔ་སྦྱིན་གྱི་ཀུན་དག་ལ་མ་པ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་འས
66b8 རྣམས་ལ་བཀའ་སུས་དཔ། དགེ་སློང་དག་སྔ་པོ་འདི་དག་ནི་སྐྱེས་བུ་དམ་པའི་ཕྱིན་པ་དག་ཡིན་ཏེ། ལྔ་གང་ཞེ་ན། དགེ་སློང་དག་སྐྱེས་བུ་དམ་པ་ནི་དད་པས་སྦྱིན་པ་སྦྱིན་པར་བྱེད་པ་ཡིན། གུས་པར་བྱས་ཏེ། རབ་གྱི་ལས
66b9 ནས། དུས་སུ། གཞན་དགལ་གྱི་གནོད་པར་སྦྱིན་པ་སྦྱིན་པར་བྱེད་པ་ཡིན་ནོ།། དགེ་སློང་དག་དད་པས་སྦྱིན་པ་སྦྱིན་པའི་འབྲས་བུ་རྣམ་པར་སྦྱིན་པའི་འདོད་ཡུར་བྱ་བ་གང་ཞེ་ན། དད་པས་སྦྱིན་པ་བྱི་ནང་པས། ཕྱུག་པོར




iiif viewer powered by OpenSeadragon

66a - 67a

Texts on this page

Ng22.25 - ltung ba sde lnga'i dge ba dang mi dge ba'i 'bras bu brtag pa'i mdo
Ng22.26 - 'phags pa skyes bu dam pa'i mdo