e-texts navigator
Collection
Volume
Page
Wylie

48b1 སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང་ཡུངས་ཀར་གི་འབྲུ་ཙམ་འཇུག་པར་བྱེད་ན། ཀུན་དཀའ་བོ་འདི་ཉིད་དེ་བས་བསོད་ནམས་ཤི་ནད་ཏུ་མང་བར་ང་སྨྲའོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་ཡེ་གྲེ།
48b2 ཀྱིས་དཔག་ཏུ་མྱེད་པ། བཟོད་པས་དཔག་ཏུ་མྱེད་པ། བརྩོན་འགྲུས་ཀྱིས་དཔག་ཏུ་མྱེད་པ། བསམ་གཏམ་གིས་དཔག་ཏུ་མྱེད་པ། ཤེས་རབ་ཀྱིས་དཔག་ཏུ་མྱེད་པ། བྱམས་པས་དཔག་ཏུ་མྱེད་པ། སྙིང་རྗེས་དཔག་ཏུ་མྱེད་པ། དགན
48b3 བས་དཔག་ཏུ་མྱེད་པ། བཏང་སྙོམས་ཀྱིས་དཔག་ཏུ་མྱེད་པ།། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སྟོབས་བཅུལ་དང་། མྱི་འཇིགས་པ་བཞིའི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉེ་བར་བཞག་པ། མ་འདྲེས་པ
48b4 གསུམ་དང་། སྙིང་རྗེ་ཆེན་པོས་དཔག་ཏུ་མྱེད་པ་སྟེ།། ཀུན་དཀའ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡོན་ཏན་དཔག་ཏུ་མྱེད་པ་དང་ལྡན་པའི་ཕྱིར་རོ།།
48b5 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ད་ནས། ཚེ་དང་ལྡན་པ་ཀུན་དཀའ་བོ་ཡི་རངས་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ། མངོན་པར་བསྟོད་དོ།། ཁང་བུ་བརྩེགས་པའི་མདོའ།
48b6 རྫོགས་སྷོ།། །། #། རྒྱ་ཀར་སྐད་དུ། འགན་འདི་སུ་ཏྲ། བོད་སྐད་དུ། འགན་འདིའི་མདོལ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐོས
48b7 ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན།། བཅོམ་ལྡན་འདས་རྒྱལ་པོའི་ཞབ་འོད་མའི་ཚལ་བྱ་ཀ་སན་ཏ་ཀ་གནས་པ་ན། དགེ་སློང་སྟོང་དུ་ཚང་བའི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས
48b8 དཔའི་ཚོགས་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། ཐབས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཕུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་སྦྱོར་བ་ཡོངས་སུ་ཟད་པ
48b9 ཡང་དག་པའི་ཤེས་པས་སེམས་ཤི་ནད་ཏུ་རྣམ་པར་གྲོལ་བ་རྣམས་དང་། བཅོམ་ལྡན་འདས་ཐབས་གཅིག་གོ།། དེའི་ཚེ་རྒྱལ་པོ་གསལ་རྒྱལ་ཞེས་བྱ་བ། བསྟན་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང




iiif viewer powered by OpenSeadragon

48a - 49a

Texts on this page

Ng22.7 - khang bu brtsegs pa'i mdo
Ng22.8 - gaN DI'i mdo