| e-texts navigator |
| Wylie |
45a1 དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྟན་བྱེད་པའི་གང་བག་སྦྱིན་པའི་ཕན་ཡོན་གསུམ་པའོ་ཞེས་ཡིན་ནོ།། དགེ་སློང་དག་གཞན་ཡང་འཁོར་ལོས་སྐུར་བའི་རྒྱལ་པོ་འཁོར་བའ་པོ་འི
45a2 པོ་ཆེ་སྣ་དང་ལྡན་པ་དང་། བུ་སྟོང་གིས་བསྐོར་བར་འགྱུར་ཏེ།། དེའི་བུ་འམ་ཆུང་མ་འམ། ཟན་ནམ་ཉེ་བར་འཚོ་བ་གང་ཡཱིཿ་དེ་དག་ཐམས་ཅད་དེ་ལ་གུས་པར་ཉན་པ་དང་། བཀའ་ཉནད་པར་བྱེད་དེ། དགེ་སློང་དག་འདི
45a3 མི་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་བཀ་སྦྱིན་པ་པོའོ་ཕན་ཡོན་བཞི་པ་ཡིན་ནོ།། དགེ་སློང་དག་གཞན་ཡང་དེ་ལུས་དང་བྲལ་ན། བདེ་འགྲོ་མཐོའི་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར
45a4 འགྱུར་ཏེ། དེར་སྐྱེས་ནས་ལྷའི་རྒྱལ་པོ་བྱེད་པར་ཅན་ལྷ་དང་ལྷོལ་བུ་དང་། ལྷའི་བུ་མོ་རྣམས་ཀྱི་རྟེན་ཏུ་འགྱུར་ལ།། གནས་བཅུ་པོ་ལྷའི་ཚེ་དང་། ལྷ་མོའི་མདོག་དང་། ལྷོའི་སྟོབས་དང་། ལྷའི་བདེ་བ་དང་། ལྷའི
45a5 དབང་ཕྱུག་ལ་དབང་བྱེད་པ་དང་། ལྷའི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེཀ་བྱ་རྣམས་ཀྱིས་དགའ་བར་བྱེད་དེ། དགེ་སློང་དག་འདི་ད་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན
45a6 པ་པོའི་ཕན་ཡོན་ལྔ་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དག་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཨོཾ་རངས་སྟེ་མངོན་པར་བསྟོད་དོ།། །
45a7 འཕགས་པ་དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་དང་མ་ཀ་ར་དང་། ལོ་ཙ་བ་མ
45a8 དེ་ཡེ་ཤེས་སྙིང་པོས་བསྒྱུར་། @།། རྒྱ་གར་སྐད་དུ། ཀཱ་ཏ་ཨ་ཀ་ར་པུ་ཏྲ།། བོད་སྐད་དུ། ཁང་བུ་བརྩེགས་པའི་མདོག།། ཐམས་ཅད་མཁྱེནད་པ་ས་ཕྱག་འཚལ་ལོ།།
45a9 འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་གི་ཚལ་འགོན་མྱེད་ཟས་བྱིན་གྱི་ཀུན་དཀའ་ར་བ་ན་བཞུགས་ཏེ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ།། བཅོམ་ལྡན་འདས