| e-texts navigator |
| Wylie |
43b1 བཞིན་དུ་བསླབ་པར་གྱིས་ཤིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་།། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་བཤད་པ་ཡིད་ལ་བགྱིས་ཏེ་མངོན་པར་དགའོ།། ། མུན་གྱི་ནགས་ཚལ་གི་སྒོའོ་ཞེས་བྱ་བ།
43b2 མདོལ།། རྫོགས་སྷོ།། བྱང་ཕྱོགས་རྒྱུད་ཀྱི་འཕྲེང་བའི་མདོལ། བྲི་པའི་ནང་ནས་ཡུལ་བ་ལེན་དྲའི་བྱང་ཕྱོགས་ཀྱི་ས་འཚམས་ཀྱི་ཨོཾ་མུ་ཤུ་རིའི་བསྔགས་པའོ།།
43b3 །། རྒྱ་གར་སྐད་དུ། མ་རྱ་ཏ་ཐཱ་ག་ཏཱ། པྲ་ཏི་བིམ་པ་པྲ་ཏིཤྭ་ཨ་ནུ་ཤང་ས། སམ་པ་མན་ན་མ་དྷ་མ་བ་སྱ་ས།། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་ཡང་དག་པར་བརྗོད།
43b4 པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་རབ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀ
43b5 ཚལ་མགོན་མྱེད་ཟས་སྦྱིན་གྱི་ཀུན་དཀའ་ར་བ་ན་བཞུགས་སོ།། དེའི་ཚེ་དགེའ་སློང་རབ་ཏུ་མང་པོ་དག་ཅིག་རིམ་འགྲོའི་གནས་སུ་སྔགས་ཏེ་འདུག་ནས། བར་སྐབས་དེར་གཏམ་འདི་ལྟ་བུ་ཞིག་གླེངས་སོ།།
43b6 ཁྱེད་ཅག་ལ་བྲམ་ཟེ་འམ། ཁྱིམ་བདག་དད་པ་ཅན་ཐོས་པ་འཛིནད་པ་ཐོས་པ་བསྩགས་པ། དགེ་བ་ཇི་ལྟར་བྱ་ཞེས་ཚོལ་བ། དེ་བཞིན་གཤེགས་པའི་གཟུགས་རྙན་བྱ་བར་སྤྲོ་བར་སྐྱེད་པ་དག་སྣང་ལ། དེ་དག་གལ་ཏེ
43b7 བདག་གི་རྒྱང་རྩ་རྣགས་ནས། བཙུན་པ་དག་དེ་བཞིན་གཤེགས་པའི་གཟུགས་ཅན་བགྱིད་པའི་གང་ཟག་སྦྱིན་པ་པོ་ལ་ཡན་ཡོན་ཇི་ཙམ་ཞིག་མཆིས་པར་རིག་པར་བགྱི་ཞེས་མེད་ན།། དེ་བཞིན་གཤེགས་པའི་གཟུགས
43b8 ཅན་བགྱིད་པ་ལ་ཕན་ཡོན་མི་ཙམ་ཞིག་ཡོངས་བདག་གིས་ཀྱི་ཞེས་ཏེ།། ངོ་ད།། ལ་བདག་པག་གོས་ནི་སྒྲར་ཆོས་དང་མཐུན་པ་ལ་གདུས་པར་བྱ།། གང་དོད་འདི་དག་ཉིད་དེ།། བཅོམ་ལྡན་འདས་དེ་བནིམ
43b9 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེནད་པ། སེམས་ཅད་གཟིགས་པ། ཙས་ཐམས་ཅད་གཅོད་པར་མཛད་པ། སྟོནད་པ་དེ་ལ་བདག་གིས་བུའོ།། འོནད་ཏང་བཅོམ