e-texts navigator
Collection
Volume
Page
Wylie

38a1 ས་པ་འགགས་པའི་ལམ་ཡན་ལ་ད་དུང་ལྡན་པའི་སྤྲིན་གནས་པ་ཉེ་བ་གནས་པར་འཞི་ཞིང་། སྦྱིན་པ་སང་སྐས་བ་བགྱིའོ།། རློབ་ལྡན་འདས་ཀྱིས་ཧཱ། སྦྲུ་།
38a2 འཇོག་འདི་ནི་ལེགས་པ་ཡིན་ཏེ།། ཁྱོད་ཀྱི་བྱ་བ་ནི་དེ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་སྩལ་ནས། བྲམ་ཟེ་གནས་འཇོག་དང་། ལྷ་དང་ཀྱི་དང་། ལྷ་མ་ཡིན་དང་དྲི་ཟརམ་བཅས་པའི་འཇིག་རྟེན་ཡིན་རངས་སྟེ།
38a3 བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ། འཕགས་པ་གནས་འཇོག་ཅེས་བྱ་བའི་མདོལ།། རྫོགས་སྷོ།། ། མུན་གྱི་ནགས་ཚལ་གྱི་སྒོ་ཞེས་བྱ་བ
38a4 མདོའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ
38a5 མགོན་མྱེད་ཟས་སྦྱིན་གྱི་ཀུན་དཀའ་ར་བ་ན་བཞུགས་སྟེ། དེ་ནས་དེ། འི་ཚེ་རམ་གྲོག་གསུམ་པོ་ཞེས་བྱ་བའི་ལྗོངས་ཀྱི་སྐྱེ་བོ་དག་གི་ནང་ནས། རི་གྲོད་ཀྱི་གྲོང་གཅིག་ན། བྲམ་ཟེ་ལ་བ་ཅན་ཞེས་བྱ་བ
38a6 བུ་འདོད་པའི་ཕྱིར་བྲམ་ཟེའི་རྡོ་ལེབ་ལ་དཀའ་ཐུབ་བྱེད་དེ་ལྷ་སྟོང་ཕྲག་བརྒྱ་ལ་བུ་སློང་ཞིང་གསོལ་བ་འདེབས་པ་དང་། ལ་བ་ཅན་ལ་བུ་བཙས་པ་ནི། མྱི་རབ་མཐོང་ཞེས་བཏགས་སོ།། ནུ་བོ་ལ་བཏཀྲ
38a7 པ་ནི་དགའ་བོ་ཞེས་བཏགས་སོ།། གང་གི་ཉིན་མོ་རབ་མཐོང་བཙས་པ་དེའི་ཉིན་མོ། བྲམ་ཟེ་ལྔ་བརྒྱ་ལ་ཤུ་ལྔ་བྱཱ་ཙས་ཏེ།། དེ་དག་རིམས་བཞིན་ཆེར་སྐྱེས་པ་དང་། རབ་མཐོང་ལས་བསྩོགས་པ། ལྔ་བརྒྱ་ལྡན
38a8 གཅིག་ཏུ་རིག་པ་སློབ་པ་དང་། རབ་མཐོང་ལས་བསྡོགས་པ་རིག་པའི་གནས་ཐམས་ཅད་ཀྱི་ཕ་རོལ་ཏུ་སོནད་ཅིང་ཐམས་ཅད་རྫོགས་པར་ཡང་དག་པར་བྱང་བར་གྱུར་ད་ལ། བསོད་ནམས་ཀྱི་ཚོགས་ཡང་དག་པ་ལས་བྱུང་བའི་སྐྱེ
38a9 པ་མཚུངས་པ་མྱེད་པ་སྟོང་ཕྲག་བརྒྱ་སྙེད་ཐོབ་སྟེ། དབང་བྱེད་པ་གང་གི་དུས་སུ། བྲམ་ཟེ་ཎ་པ་ཅན་གཅིག་ཡུལ་དབུས་ནས་འོངས་ཏེ་ཕྱི་ནང་ནས་ཕྲད་པ་དང་། དེ་ལ་གསོང་པོར་སྨྲས་ཏེ་གཏམ་དག་ཀྱང་བྱས་ནས། ངེས་པར་གནས




iiif viewer powered by OpenSeadragon

37b - 38b

Texts on this page

Ng22.4 - 'phags pa gnas 'jog pa'i mdo zhes bya ba
Ng22.5 - mun gyi nags tshal gyi sgo zhes bya ba'i mdo