e-texts navigator
Collection
Volume
Page
Wylie

314a1 ཐོགས་ཏེ། འགྲོ་བར་མྱི་བྱ་བ་དང་། ཡོན་བདག་གི་ཁྱིམ་དུ་ཕྱིན་མཁར་སིལ་ལུས་དང་བྲལ་བར་མྱི་བྱ་བ་དང་། སོན་བདག་གི་སྒོར་ཕྱིར་ན་ལན་གསུམ་གི་བར་དུ་དཀྲོལ་བར་རྣས
314a2 ཀལེཏེ་ས་ལོས་ན་མན་པའི་དུང་གྲོས་བྱའོ། ལྔ་གྲ་མ་ཅན་དུན་གྱི་བར་དུ་དཀྲོལ་བར་བྱའོ།། ལན་བདུན་དཀྲོལ་ཏེ་མ་འོངས་ན། ཁྱིམ་གཞན་བདུན་དུ་འགྲོ་བར་བྱ་བ་བདག་ཕྱིར་བྱུང་ན་ཁར་སིལ་ལག་པ་གཡས་པ་ལ་བརྙེས་ཏེ་གཞག་པར་བྱ
314a3 བ་བདག་ཕྱིར་བྱུང་ན་ཁར་སིལ་ལག་པ་གཡས་པ་ལ་བརྙེས་ཏེ་གཞག་པར་བྱ་བ་དང་། གནས་ཁང་ན་བཞག་པའི་ཚེ་ས་ལ་རིག་པར་མྱི་བྱ་བ་དང་། རྟག་པར་ཉས་ཁྲིའི་ནང་དུ་ཉེ་བར་གཞག་པར་བྱ་བ་དང་། སྐབས་སྐབས་སུ
314a4 ཕྱི་བདར་བྱ་བ་དང་། ཁར་སིལ་གི་མགོ་གཡའ་མྱེད་པར་བྱ་བ་དང་བསོད་སྙོམས་ལ་འགྲོ་བའི་ཚེ། དགེ་ཚུལ་ལམ་ཁྱིམ་པ་ལས་བྲལ་བར་མྱི་བྱ་བ་དང་། ནད་པའི་སར་མཚན་མོ་གནས་ན། ཁ་ར་སེལ
314a5 བཀུར་བར་བྱ་བ་དང་། ལམ་རིང་པོར་འགྲོ་བ་སྐྱེལ་དུ་འགྲོ་བ་ན། ཁ་ར་སཾ་ལ་བཀུར་བཀུར་བར་བྱ་བ་དང་། གཤེད་དུ་དགོས་པར་གྱུར་། པ་ན། ཁ་ར་སིལ་བཀུར་བར་བྱ་བ་དང་། བདག་གི་དྲུང་དུ་བསྙེན
314a6 པར་བྱ་བ་ཡིན། གཞན་ལ་རེག་ཅིང་ས་ལ་རི་མོ་བྲི་བར་བྱའོ།། ཁར་སིལ་གི་མདོ་དང་ཆོ་ག་འདི་ཞུ་ཆེན་ཀྱི་ལོ་ཚ་བ་བན་དེ་ཆོས་གྲུབ་ཀྱི་ས་བརྒྱའི་དཔེའ་ལས་བསྒྱུརྡ་ཅིང་གཏན་ལ་ཕབ་པ།།
314a7 རྫོགས་སྷོ།། །། ། རྒྱ་གར་སྐད་དུ། ཨརྱ་ནན་དི་ཀ་སུ་ཏྲ། བོད་སྐད་དུ། འཕགས་པ་དགའ་བ་ཅན་གྱི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ།།
314a8 འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁེབ་བྱ་རྒོད་ཕུང་པོའི་རོ་ལ།། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོས་ཡོངས་སུ་བསྐོར་ཅིང་མདུན་གིས་བལྟས་ཏེ།
314a9 ཐབས་ཅིག་ཏུ་བཞུགས་ནས་ཆོས་སྟོན་ཏེ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ་ཚིག་འབྲུ་བཟང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས




iiif viewer powered by OpenSeadragon

313b - 314b

Texts on this page

Ng22.53 - 'khar gsil 'chang ba'i kun tu spyod pa'i cho ga
Ng22.54 - 'phags pa dga' ba can gyi mdo