e-texts navigator
Collection
Volume
Page
Wylie

177a1 བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པའི་འཇིག་རྟེན་གྱི་ཁམས་དེ་དག་ནི་དཀོན་ཏེ། ཀུན་དགའ་བོ་ཇི་ལྟར་རྒྱ་མཚོ་ཆེན་པོའི་བྱེ་མ་དང་། གང་གའི་ཀླུང་གི་བྱེ་མ་དེ
177a2 དག་ལས་ལ་ལ་ཞིག་གིས་བྱེ་མ་འབྲུ་གཅིག་བླངས་པ་དེ་བཞིན་དུ། གང་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་འཇིག་རྟེན་གྱི
177a3 ཁམས་དེ་དག་ནི་ཉུང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་མྱི་དང་། ལྷ་མ་ཡིན་དང་། དྲི་ཟར
177a4 བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། འཕགས་པ་གསེར་གི་བྱེ་མ་ལྟ་བུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། རྫོགས་སྷོ།། །
177a5 །། རྒྱ་གར་གི་མཁན་པོ་སུ་རེན་དྲ་བོ་དེ་དང་།། པྲད་ཉ་བར་མ་དང་། ཞུ་ཆེན་གི་ལོ་ཚ་བ་བན་དེ་ཡེ་ཤེས་སྡེ་ལས
177a6 སྩོགས་པས་བསྦྱརྡ་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། རྒྱ་གར་སྐད་དུ། ཨ་རྱ་མ་ཧ་ཧྲ་དམ་ན་མ་མ་ཧཱ་ཡ་ན་སཱུ་ཏྲ།། བོད་སྐད་དུ། འཕགས་པ་སྒྲ་ཆེན་པོ་ཞེས་བྱ
177a7 བཐེག་པ་ཆེན་པོའི་མད།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཆལ
177a8 མགོན་མྱེད་ཟག་སྦྱིན་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་མང་པོ་དང་ཐབས་གཅིག་ཏུ་བཞུགས་སོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ།། སཱདྲོ་འམ་ཐབས་དང་ཆོས་གོས་བགོས་ཏེ། ལྷུང་བཟོད་ཐོགས
177a9 ནས་མཉན་ཡོད་དུ་བསོད་སྙོམས་ལ་སོང་ངོ་།། མཉན་ཡོད་དུ་བསོད་སྙོམས་ལ་འགྲོ་བ་ན། ཚེ་དང་ལྡན་པ་ཀུན་དགའ་བོས།། ཁང་པ་བརྩེགས་པ་ཆེན་པོ་ཕྱེ་ནང་བྱུགས་ཤིང་བྱི་དོར་བྱས་པ། སྒོ་གཏན་ལེགས་པར་བཅུག་པ




iiif viewer powered by OpenSeadragon

176b - 177b

Texts on this page

Ng19.3 - 'phags pa gser gyi bye ma lta bu zhes bya ba theg pa chen po'i mdo
Ng19.4 - 'phags pa sgra chen po zhes bya ba theg pa chen po'i mdo