| e-texts navigator |
| Wylie |
174a1 གནས་སོ།། རིགས་ཀྱི་བུ་ཀུན་གཞི་རྣམ་པར་དག་པ་ནི་མྱེ་ལོང་ལྟ་བུའི་ཡེ་ཤེས་ཏེ་ཆོས་ཀྱི་སྐུའོ།། ཉོན་མོངས་པ་ཅན་གྱི་ཡིད་རྣམ་པར་དག་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། ཡིད་ཀྱི་རྣམ་པར་ཤེས
174a2 པ་རྣམ་པར་དག་པ་ནི་སོ་སོ་ཀུན་ཏུ་རྟོག་པའི་ཡེ་ཤེས་ཏེ། ལོངས་སྤྱོད་རྫོགས་པའི་སྐུའོ།། སྒོ་ལྔའི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཏེ་སྤྲུལ་པའི་སྐུའོ།། དེ་ནས་བྱང་ཆུབ་སེམས་དཔའ་ས
174a3 སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཀྱིས་བཅོམ་ལྡན་འདས་ལ་དམ་པའི་ཆོས་རབ་ཏུ་ཐོབ་པ་ནི་རབ་ཏུ་ལེགས་སོ།། བདེ་བར་གཤེགས་པ་རབ་ཏུ་ལེགས་སོ།། བཅོམ་ལྡན་འདས
174a4 ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདི་གང་གིས་རབ་ཏུ་འཛིན་པ་དེས་བསོད་ནམས་ཚད་མྱེད་པ། བརྗོད་དུ་མྱེད་པ་གྲང་ས་མྱེད་པ། དཔག་ཏུ་མྱེད་པ་ཐོབ་བོ།། བཅོམ་ལྡན་འདས་ཀྱིས་དེ
174a5 སྐད་ཅེས་བཀའ་ཀས་ལད་པ་དང་། བྱང་ཆུབ་སེམས་དཔའ་སའི་སྙིང་པོ། དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟེར་བཅས་པའི། འཇིག་རྟེན་ཡི་རངས་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ
174a6 མངོན་པར་སྟོད་དོ།། འཕགས་པ་སྐུ་གསུམ་ཐེག་པ་ཆེན་པོའི་མོད། རྫོགས་སྤྲོ།། །། རྒྱ་གར་སྐད་དུ། ཨ་རྱ་སུ་བརྡ་བཱ་ལུ་ཀོ
174a7 བ་མ་ན་མ་མ་ཧཱ་ཡཱ་ན་སུ་ཏྲ།། བོད་སྐད་དྷ། འཕགས་པ་གསེར་གྱི་བྱེ་མ་ལྟ་བུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མེད།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གསེ་བོས་པ་རྐུས
174a8 གཅིག་ཏུ། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཆལ། མགོན་མྱེད་པས་སྤྱིརེ་གི་ཀུན་དཀའ་ར་བ་ན། དགེ་སློང་སྟོང་ཉེས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེས་དཔའ་སྟོང་ཕྲག
174a9 མང་པོ་དག་དང་། བབས་གཅིག་ཏུ་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བྲ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྒང་ས་ལ་གཟུགས་ཏེ། བཅོམ་ལྡན་འདས་གས