| e-texts navigator |
| Wylie |
284a1 འདུན་པ་ས་པར་དེ་ཞིན་ཅིད་།། ཡང་དག་པ་ཤེས་གནས།། སྨྲས་རབ་འདུན་འགྲོསས་ཕྱོགས།། ཏིང་ངེ་འདིརང་རིགའན་རྣམས་དང་།། མངོ་པ་ཤེས་དང་དབ་རྣམས་དང་།། དེ་བའི་གསགས
284a2 དབང་བསྐུར་པ།། ས་ལ་ཞུགས་ནས་ཐོབ་པར་འགྱུར།། གང་ཚེ་འགྲོ་བ་རྣམ་རྟོག་མཐོང་།། དེ་ཚེ་སེམས་ནི་ལྡོག་པར་འགྱུར།། ས་ནི་རབ་ཏུ་དཀའ་བ་དང་།། སངས་རྒྱས་ས་དང་ས་རྣམས་འཐོབ།། གནས་ནི་རབ་ཏུ་གྱུར་དོ་བཱི
284a3 ཕྱིར།། ཇི་ལྟར་སྣ་ཚོགས་ནོར་བུ་བཞིན།། སེམས་ཅན་རྣམས་ནི་དོན་མྱེད་དེ།། ཆུ་ལ་གཟུགས་བརྙན་ཇི་བཞིན་ནོ།། ཡོད་དང་མྱེད་པའི་ཕྱོགས་རྣམས་དང་།། གཉིས་དང་གཉིས་མྱེད་པ་དང་བྲལ།། ཉན་ཐོས་རང་རྒྱལ
284a4 འདས་གྱུར་ད་ན།། ས་བདུན་པོར་ནི་འགྱུར་བ་ཡིན།། སོ་སོ་རང་ཆོས་མཐོང་བས་ནི།། ཡང་དག་པའི་ས་སྦྱར་ཏེ།། ཕྱི་རོལ་མུ་སྟེགས་རྣམ་པར་སྤངས་པའི།། ཐེག་པ་ཆེན་པོ་བཤད་པར་བྱ།། རྣམ་པ།
284a5 རྟོག་པར་རབ་ཏུ་གྱུར་ད་ན།། འཆི་འཕོ་འཇིགས་པ་རྣམ་སྤངས་པ།། རི་བོང་སྤུའི་ནོར་བུ་བཞིན།། གྲོལ་བ་རྣམས་ལ་ཚུལ་ཡང་བཤད།། ཇི་ལྟར་ཚིག་ལ་ཚིག་རྣམ་པ།། གལ་ཏེ་རིགས་ལ་རིགས་དེ་བཞིན།
284a6 དེ་ཕྱིར་རིགས་པའི་རིག་པ་བཞིན།། དེ་ལས་གཞིན་དུ་མ་གཏོགས་ན་ཀ།། མྱིང་དང་ལས་དང་སྲེད་པ་དང་།། མ་རིག་དེ་བཞིན་ཚུལ་བཞིན་མྱིན།། མྱིག་དང་གཟུགས་དང་ཡིད་རྣམས་དང་།། རྟོག་པའི་ཡིད་ཀྱང
284a7 དེ་བཞིན་ནོ།། འཕགས་པ་ལང་ཀར་གཤེགས་པ་ཐེག་པ་ཆེན་པོའི་མདོ་སུམ་ཁྲི་དྲུག་སྟོད་པ།། ། རྫོགས་སྷོ།། @།། རྒྱ་གར་སྐད་དུ། ཨརྱ་མ་ཕ་པ་རི་མཆེན
284a8 མ་མ་པ་ས་ན་སུ་ཏྲ།། བོད་སྐད་དུ།། འཕགས་པ་ཡོངས་སུ་མྱ་ངན་ལས་འདྲདས་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིགས
284a9 བཅོམ་ལྡན་འདས་གྲོང་ཁྱེར་ཀུ་ཤི་ན།། ཆུ་ཀྲུང་གསེར་ལྡན་གྱི་འགྲམ་གྱད་ཀྱི་ཉེན་ཀོར་ཤིང་ས་ལ་རླུང་གི་ཚལ་མ་བཞུགས་ཏེ།། དེ་ནས་བཅོམ་ལྡན་འདས་དགེ་སློང་བྱེ་བ་འབུམ་ཕྲག་བརྒྱད་ཅུས་བསྐོར་ཅིང་མདུན་གྱིས་བལྟ