| e-texts navigator |
| Wylie |
241b1 དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ། ཨ་རྱ་ས་ཟ་བེའི་དལ་ལྱ་སང་ཀྲ་ཧ་ན་མ་མ་ཧཱ་ཡཱ་ན་སུ་ཏྲ།
241b2 བོད་སྐད་དུ། འཕགས་པ་རྣམ་པར་འཐག་པ་ཐམས་ཅད་བསྡུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས
241b3 གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་དྲུག་ཁྲི་ཉིས་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱ་ཅུ་དང་། ལྷ་དྲུག་ཁྲི་དང་། དགེ་བསྙེན
241b4 སྟོང་ཕྲག་མང་པོ་དང་། ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ལ་བབ་སྟེ། འདི་ནི་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་དབྱར་གནས་ཤིང་བཞུགས་པའི
241b5 ཟ་མ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་ནམ། པ་འདི་ལྟ་བུས། སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམ། ས་འདི་དེར་གི་ལྡ་ལྡི་བྲེས་པས་བརྒྱན་པ་དང་། པོག་པོར་གྱིས
241b6 བརྒྱན་ཅིང་བདུག་པས་གདུགས་པ་དང་། མེ་ཏོག་སིལ་མས་ཆལ་པར་བཀང་བ་དང་། པད་མ་འདབ་མ་སྟོང་ཕྲག་བརྒྱ་པས་ཁྱབས་པར་གྱུར་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། སྟོང
241b7 གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་འདི་ན། ཚངས་པ་བྱེ་བ་ཕྲག་སྟོང་ཇི་སྙེད་ཡོད་པའི་ཚངས་པ་དེ་དག་རེ་རེ་ཞིང་ཡང་གཡོག་འཁོར་བྱེ་བ་ཕྲག་སྟོང་དང་། བཅོམ་ལྡན་འདས་ཀ་ལ་བ་དེར་དོང་ནས་ཕྱིནད་པ། བཅོམ་ལྡན
241b8 འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་དེ་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་། ཕྱོགས་གཅིག་ཏུ་འཁོད་པར་གྱུར་ཏོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གཽ་ཁམས་འདི་ན། གནས
241b9 གཙང་མའི་རིས་ཀྱི་ལྷའི་བུ་རྣམས་དང་། ལྷའི་དབང་ཕྱུག་རྣམས་དང་། དབང་ཕྱུག་ཆེན་པོ་རྣམས་དང་། ལྷའི་དབང་པོ་རྣམས་དང་། ཀླུའི་དབང་པོ་རྣམས་དང་། གནོད་སྦྱིན་གྱི་དབང་པོ་རྣམས་དང་། ལྷ་མ་ཡིན་གྱི་དཔ