e-texts navigator
Collection
Volume
Page
Wylie

69a1 གསུངས་པ་ལ་ཡི་རངས་ཏེ་མངོན་པར་སྟོད་དོ།། ། འཕགས་པ་སེང་གེའི་སྦ་བསྤགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། རྫོགས་སྷོ།།
69a2 རྒྱ་གར་སྐད་དུ། ཨརྱ་མྱི་ཏ་བྱ་ཧ་ར་ན་ན་མ་མ་ཧ་ཡ་ན་སུ་ཏྲ།། བོད་སྐད་དུ། འཕགས་པ་བདུད་རྩི་བརྗོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐོས
69a3 ཅད་ལ་ཕྱག་འཚལ་སོ།། འདི་སྲད་བ་དག་གིས་ཟོས་པ་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། འོད་མའི་ཚལ་བྱ་ཀ་ལན་འདའ་ཀ་གནས་པ་ན། དགེ་སློང་ལྔ་བརྒྱ་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན
69a4 པོ་དང་ཐབས་གཅིག་པུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་འདུམ་ཟེ་ཉིས་སྟོད་ཀྱི་བྱང་ཆུབ་སེམས་དཔའ་དགེ་འདུན་ཆེན་པོ་དང་། ཡང་ཐབས་ཅིག་གོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱམ
69a5 པ་ཞེས་བྱ་བ། འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ།། འདུག་ཀོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྟན་ལས་ལངས་ནས། པྲ་ཀོས་ཐག་པ་གཅིག་ས་བཟར་ནས་པྲ
69a6 མོ་གཡས་པའི་སྭ་ང་ས་ལ་བཅུག་སྟེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས།། བཅོམ་ལྡན་འདས་ལ་2དི་སྐད་ཅེས་གསོལ་ཏོ།། གས་ཏེ་འུམྲ་ཞུ་བ་ལུང་བསྟན་པའི་སྲད་དུ་བདག
69a7 ས་སྐབས་དབྱེ་བར་གན་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དག་ཕྱོགས་འགའ་ཞིག་ཞུ་བ་འཚལ་ལོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས
69a8 པ་དེ་བཞིན་གཤེགས་པས་ཁྱོད་ལ་རྟག་ཏུ་སྐབས་ཕྱེས་བྱམས་པས་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དྲིས་ཤིག་དང་། དྲིས་པ་དེ་དང་དེའི་ལུང་བསྟནད་པས་ངས
69a9 ཁྱོད་ཀྱི་སེམས་རངས་པར་བྱའོ།། རེ་སྐད་ཅེས་བཀའ་སྩལ་བ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས




iiif viewer powered by OpenSeadragon

68b - 69b

Texts on this page

Ng13.2 - 'phags pa seng ge'i sgra bsgrags pa zhes bya ba theg pa chen po'i mdo
Ng13.3 - 'phags pa bdud rtsi brjod pa zhes bya ba theg pa chen po'i mdo