e-texts navigator
Collection
Volume
Page
Wylie

216a1 པོ་ཞིག་ལ་གནས་པར་གྱུརྡ་ཏོ།། འབྱུང་པོའི་ལྷག་མ་རྣམས་ནི་དེ་མ་ཡིན་པའི་ཤིང་དག་ལ་གནས་པར་གྱུར་ད་ཏེ། དེ་དག་གིས་ཐོག་མ་གནས་སུ་བྱས་ཏེ། གཅིག་ནས་གཅིག་ཏུ་བརྒྱུད་དེ། གཞན་དག་ཀྱང
216a2 གནས་པར་འགྱུར་བ་དང་། འབྱུང་པོ་དག་གིས་ཤིང་རྣམས་སྨྱེ་བག་བྱེད་པ་དང་། མཆོད་རྟེན་གྱི་གནས་ལྟ་བུ་དང་། གཙང་བ་དང་། ཡིད་དུ་འོང་བ་དང་། བསྟེན་པའི་འོས་སུ་བྱས་སྟེ། སྐྱེ་སྔག་བྱེད་པར་གྱུར་ད་པ་དང་། མཆོད་རྟེན
216a3 ཀྱི་གནས་ལྟ་ཤུར་གྱུ་རད་པ་དང་། གཙང་བར་གྱུར་པ་དང་། ཡིད་དུ་འོང་བར་གྱུར་ད་པ་དང་།། བསྟེན་པའི་འོས་སུ་གྱུར་པའི་ཕྱིར། འབྱུང་པོ་དག་གིས་ཤིང་རྣམས་གནས་སུ་བྱས་སྷོ། རྒྱུ་དེས་ན་ཤིང་ཐམས་ཅད་ལ་འབྱུང་ངོ་།།
216a4 རྣམས་ཀྱིས་བསྟེན་པར་མ་གྱུར་ད་ཏོ།། ཆོས་ཀྱི་རིམ་པའི་སྐབས་བྱ་བ་དང་། དོན་དང་། རྒྱུ་དང་། འབྲས་བུ་ལ་རྨོངས་པ་བཟློག་པར་བྱེད་པ། བཟང་འགྲོ་ཐོབ་པར་བྱེད་པ། སྡུག་པའི་འབྲས་བུར་འགྱུར་བར་བྱེད་པ། སངས
216a5 རྒྱས་དང་། རང་སངས་རྒྱས་དང་། ཉན་ཐོས་ཀྱིས་བརྟགས་པའི་ཚེ།། ས་མངོན་པའི་བསྟན་ཆོས། རྒྱུ་གདགས་པ་ལས་ཚིགས་བཅུ་དགུ། པའོ།།
216a6 ཆོས་མངོན་པའི་བསྟན་ཆོས་ཆེན་པོ་རྒྱུ་གདགས་པ། རྫོགས་སྷོ་།། སངས་རྒྱས་ཀྱི་མཛོད་ཆོས་ཀྱི་ཡི་གེ། བམ་པོ་གཅིག་པའོ།།
216a7 མྱིང་གཅིག་ནི་ཆོས་སོ་ཆོག་ལས་ཀ་དམས་གསལ་བའོ།། ། སངས་རྒྱས་ཀྱིས་སངས་རྒྱས་ཀྱི་མཛོད་བཤད་པའི་ཡི་གེའི
216a8 ལེའུ་དང་པོ་སྟེ། ཆོས་སོ་ཆོག་གི་བདེན་པའི་མཚན་མའི་ལེའུའོ།། ། འདི་བཞིན་བདག་གིས་ཐོས་པའི་དུས་གཅིག་ན། སངས་རྒྱས་མཁར་རྒྱལ་པོའི་ཁབ་ཀྱི་རི་འུ་མཐའ་རོལ
216a9 དགེ་སློང་ཆེན་པོ་རྣམས་དང་། ལྷན་ཅིག་ཏུ་བཞུགས་ཏེ། ཀུན་ཀྱང་ཕལ་གྱིས་ཤེས་རིག་པ་དང་། མུ་མྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེ་སྟག་སྟེ། དཔག་ཏུ་མྱེད་གྲངས་མྱེད་དོ།། དེའི་ཚེ་ཤ་རིའི་བུ




iiif viewer powered by OpenSeadragon

215b - 216b

Texts on this page

Ng12.4 - rgyu gdags pa
Ng12.5 - sangs rgyas kyi mdzod kyi chos kyi yi ge