e-texts navigator
Collection
Volume
Page
Wylie

20a1 ཏེ་དགའ་བར་འགྱུར་ལ་ཇི་སྐད་བསྒོ་བ་བཞིན་བྱེད་དོ།།རྟག་ཏུ་རྒྱུན་མི་འཆད་པར་བཀླགས་ན་ཚངས་པ་བྲམ་ཟེས་དྲག་ཤུལ་གྱི་ལས་བྱས་ཀྱང་མི་ཚུགས
20a2 པར་འགྱུར་ལ།སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པར་ཡང་འགྱུར་རོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།བྱང་ཆུབ་སེམས་དཔའ་འཕགས
20a3 པ་སྤྱན་རས་གཟིགས་དབང་ཕྱུག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་དཔལ་ཆེན་མོའི་མདོ་རྫོགསོ།།
20a4 རྒྱ་གོར་གྱི་མཁན་པོ་ཛི་ན་མི་ཏྲི་དང་།ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།།།དཔལ་གྱི་ལྷ་མོ་མཚན་བཅུ་གཉིས་པ།།།དཀོན་མཆོག
20a5 གསུམ་ལ་ཕྱག་འཚལོ།།འཕགས་པ་སྤྱན་རས་གཟི་གས་དབང་ཕྱུག་ལ་ཕྱག་འཚལོ།།ཕྱག་ན་རྡོ་རྗེ་ལ་ཕྱག་འཚལོ།།དཔལ་ལྷ་མོ་ཆེན་མོ་ལ་ཕྱག་འཚལོ།།འདི་སྐད་བདག་གིས།
20a6 ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་བདེ་བ་ཅན་གྱི་འཇིག་རྟེན་ན་བཞུགས་ཏེ།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་བཅོམ
20a7 ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས།།བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག།དེ་ནས་བྱང་ཆུབ་སེམས་དཔའ་སེམས




iiif viewer powered by OpenSeadragon

19b - 20b

Texts on this page

N647 - 'phags pa dpal chen mo'i mdo
N648 - dpal gyi lha mo mtshan bcu gnyis pa