| | e-texts navigator
|
217b1 བཀྲ་བའི་འོད་ཟེར་ཅན་ཞེས་བྱ་བ་སྟེ།རིན་པོ་ཆེ་དུ་མས་བསྐོར་བ་ལ་དེ་བཞིན་གཤེགས་པ་ཚེ་དཔག་མེད་བཞུག་སོ།།གཡས་ན་ནི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུགོ།།གཡོན་ན་ནི་བྱང་ཆུབ་སེདེའི་མཐུ་ཆེན་ཐོབ་པ་སྟེ།
217b2 བྱང་ཆུབ་སེ་དེའི་ཚོགས་གྲངས་མོད་པས་བསྐོརོ།།དད་པའི་རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་གང་ལ་ལ་མོས་པ་དང་དད་པ་དང་གུས་པ་མང་བ་དེར་སྐྱེ་བར་འགྱུར་ཏེ།གསེར་གྱི་ས་གཞི་ཆེན་པོ་ལ་རིན་པོ་ཆེ་སྣ་བདུན་གྱིས་པདྨ་ཆེན
217b3 པོ་དག་ལ་བརྫུས་ཏེ་སྐྱེ་བར་འགྱུརརོ།།དགེ་སློང་དག་དགེ་སློང་པའམ།དགེ་སློང་མ་འམ།དགེ་བསྙེན་པ་འམ།དགེ་བསྙེན་མ་གང་ལ་ལ་བཅྡོཾས་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་མཚན་ཡང་དག་པར་འཛིན་པ་དེ་ལ།མེའི་འཇིན
217b4 པ་མི་འབྱུང་།ཆུའི་འཇིགས་པ་མི་འབྱུང་།དུག་གིས་འཇིགས་པ་མི་འབྱུང་།མཚོན་ཆའི་འཇིགས་པ་མི་འབྱུང་།གནོད་སྦྱིན་གྱི་འཇིགས་པ་མི་འབྱུང་།།སྲིན་པོའི་འཇིགས་པ་མི་འབྱུང་།སྔོན་གྱི་རྣམ་པར་སྨིན་པ་ནི་གང་ལ་ཡང་མ
217b5 གཏོགསོ།།བཅྡོཾས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།དགེ་སློང་དེ་དག་དང་ཐད་ལྡན་པའི་འཁོར་དེ་དག་དང་།ལྷ་དང་།མི་དང་།ལྷ་མ་ཡིན་དང་།དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ།བཅྡོཾལྡས་ཀྱིས་གསུངས་པ་ལ་མངོན་པར
217b6 བསྟོད་དོ།།འཕགས་པ་ཚེ་དང་ཡེ་ཤེས་པ་དཔག་ཏུ་མེད་པའི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོག་སོ།།།།རྒྱ་གར་གྱི་མཁན་པོ་སུ་ཎྱ་སཾ་བྷ་ཝ་དང་།ཞུ་ཆེན་གྱི་ལོ་ཙྪ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའོ།།
217b7 །།རྒྱ་གར་སྐད་དུ།།ཨཱརྱ་བ་ལོ་ཀི་ཏེ་ཤྭ་ར་པདྨ་ཛྭ་ལ་མུ་ལ་ཏནྟྲ་རཱ་ཛེ་ན་མ།བོད་སྐད་དུ།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ།བྱང་ཆུབ་སེཾ་དོའི་འཕགས་པ་སྤྱན་རས
iiif viewer powered by OpenSeadragon
217a - 218a