| | e-texts navigator
|
193b1 སྐོམ་གྱི་ཡོ་བྱད་ལ།ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ལ།སངས་རྒྱས་དང་།ཆོས་དང་།དགེ་འདུན་ལ་འབུལ་བར་བྱའོ།།དེ་ལྟར་བྱས་ན།རིགས་ཀྱི་བུའོམ།རིགས་ཀྱི་བུ་མོ
193b2 འམ།དགེ་སློང་དྲམ།དགེ་སློང་མ་འམ།དགེ་བསྙེན་མ་དེས།ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞིང་གི་སངས་རྒྱས་དང་།ཆོས་དང་།དགེ་འདུན་ལ་ལྷའི་མཆོད།།
193b3 པ་དང་།དེ་བཞིན་གཤེགས་པའི་མཆོད་པའི་མཆོག་གིས།མཆོད་པ་བྱས་པར་འགྱུརརོ།།བླ་མར་བྱས།རི་གྲོར་བྱས་པར་འགྱུ་རོ།།དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས།
193b4 དགོངས་ཤིང་ལུང་བསྟན་པ་དང་།ལྷ་ཐམས་ཅད་ཀྱིས་ཀུན་ཏུ་སྲུང་བར་ཡང་འགྱུར་རོ།།ཀུན་དགའ་བོ་སོང་ལ་དེ་ལོན་ཡང་གྱིས་ཤིག།སེམས་ཅན་ཐམས་ཅད་ལ་ཡང་དག་པར་སྟོན་ཅིག།
193b5 དགེ་བའི་རྩ་བའི་ཚོགས་ཐམས་ཅད་ཀྱང་གྱིས་ཤིག་ཅེས་ང་སྨྲའོ།།ཡི་དགས་མོ་ཁ་འབར་མ་དབུགས་དབྱུང་བའི་གཏོར་མའི་ཆོ་ག་རྫོགསོ།།།ཡི་དགས་ཁ་ནས་མེ་འབྲུ
193b6 བ་ལ་སྐྱབས་མཇེད་པའི་གཟུངས།དེའི་ཚེ་བཅོམ་ལྡན་འདས་ཡུལ་སེར་སྐྱ་ན།དགེ་འདུན་གྱི་གནས་ན།དགེ་སློང་གི་དགེ་འདུན་དང་།བྱང་ཆུབ་སེམས་དཔའ་གྲངས་མེད་པས
193b7 ཡོངསུ་བསྐོར་བ་ལ་ཆོས་སྟན་ཏེ།དེའི་ཚེ་ན་ཚེ་དང་ལྡན་པ་དགའ་བོ་བས་མཐའ་ཞིག་ན་ཆོས་ཡིད་ལ་བྱེད་ཅིང་།དྲན་པ་མངོན་དུ་བཞག་ནས་འདུག་པ་ལས།དེའི་ནུབ་མོ་ནམ་གྱི་ཆ
iiif viewer powered by OpenSeadragon
193a - 194a