e-texts navigator
Collection
Volume
Page
Wylie

339b1 ཞེས་བྱ་བའི།།ཏིང་འཛིན་ནི་ཡང་དག་བཤད།།ཤིན་ཏུ་གྲངས་མེད་བསྐལ་པར་ནི།།གྲངས་ཀྱི་མིང་གིས་བླནས་པར་ན།།གནས་ཤིང་སྒོམ་པར་བྱེད་པ་ཡིན།།
339b2 ཡེ་ཤེས་ལྔར་ལྡན་པ།།སངས་རྒྱས་ཀུན་གྱི་དགོངས་པ་ནི།།འཇིག་རྟེན་པན་ཕྱིར་གསུངས་པ་རྣམས།།ཕྱོགས་བཅུའི་སྔངས་རྒྱས་མཐའ་ཡས་པའི།།སྟོན་གསུམ་ནི་ཡོངསུ
339b3 བསྟེན།།འོད་ཟེར་ལྔ་ཡི་མོདོག་འདྲ་བའི།།རང་སྔགས་ལས་བྱུང་རལ་གྲི་ནི།།བློ་ལྡན་ལག་པར་དེ་བཞག་ན།།རྡོ་རྗེ་རིག་པ་འཛིན་པར་འགྱུར།།རང་གི་སྔགས་ཀྱི་ཁོངས་ཆུད་འདི།།
339b4 ཧོཧི་ཧཱུཾ་དེ་ཁམས་གསུམ་པ།།པདྨ་སྤངས་པའི་ཚངས་པ་ཆེར།།རྣལ་འབྱོར་པ་དེ་འགྱུར་བ་ཡིན།།ཁམས་གསུམ་ཀུན་གྱིས་ཆེར་མཆོད་ཅིང་།།ཚངས་དང་ལྷ་མིན་ཕྱག་བྱས་པ།།
339b5 སྟོང་གསུམ་མི་ཡི་མཆོག་གཅིག་པུ།།དབང་ཆེན་པོ་ཡཱི་ཚངས་པར་འགྱུར།།ཐུགས་ཀྱི་རྡོ་རྗེ་མཆོག་བསྒོམས་པས།།དངོས་གྲུབ་ཇི་ལྟར་འདོད་པ་དག།སྐུ་གསུང་ཐུགས་ཀྱི་རྡོ་རྗེ
339b6 ལས།དེ་ནི་དེ་མ་ཐག་ཏུ་འཐོབ།།རང་གི་རྡོ་རྗེ་ཏིང་འཛིན་འདི།།དངོས་མེད་གཅིག་པུ་ཡང་དག་བྱུང་།།བྱང་གྲོལ་ལ་ཡང་དེ་མི་གནས།།རལ་གྲི་ཁ་དང་འདྲ་བར་འགྱུར།།ོཾ་ན་རོལ་བུ་ཅི
339b7 ན་ཀའི།།འབྲུ་ཚད་ཙམ་དུ་བསམས་ནས་ནི།།དབུསུ་རང་གི་ལྷ་ཡི་གཟུགས།།བསམས་ཏེ་ཁར་བཅུག་རྣམས་བསྒོམས་ན།།བྱང་ཆུབ་ཡེ་ཤེས་འོད་པོ་ཆེ།།བློ་ལྡན་དེ་མ་ཐག་ཏུ




iiif viewer powered by OpenSeadragon

339a - 340a

Texts on this page

N407 - dgongs pa lung bstan pa zhes bya ba'i rgyud
N408 - ye shes rdo rje kun las btus pa zhes bya ba'i rgyud