| | e-texts navigator
|
288b1 གཟོར་བྱའོ།།སྡུག་བསྔལ་ཚོགས་ནི་རྣམ་པར་སྤྱད་སྟེ།།སེམས་ཅན་གཞན་པ་རྣམས་ལ་ཡང་དོ།།གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན།།བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་།།ནོར་འདོད།
288b2 པས་ནི་ནོར་རྣམས་ཉིད་འཐོབ།།འདོད་པ་ཐམས་ཅད་ཐོབ་པར་འགྱུར་ལ།།བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར།།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གསུང
288b3 པ་བཅོམ་ལྡན་འདས་མ་འཕགས་མ་ལྷ་མོ་བསྒྲོལ་མ་ལ་ཕྱག་འཚལ་པ་ཉི་ཤུ་རྩ་གཅིག་གིས་བསྟོད་པ་སྒྲོལ་མ་ལས་སྣ་ཚོགས་བསྟན་པའི་རྒྱུད་ལས་བྱུང་བ་རྫོགས་སོ།།།།རྒྱ་གར་སྐད
288b4 དུ།བཛྲ་ཀཱི་ལ་ཡ་མཱུ་ལ་ཏཱནྟྲ་ཁཏྟ།བོད་སྐད་དུ།རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ།བཅོམ་ལྡན་འདས་རྡོ་རྗེ་གཞིན་ནུ་ལ་ཕྱག་འཚལོ།།རྡོ་རྗེ་ཁྲོ་བས་ཞེ་སྡང་གཅོད།།མཚན་ཆེན་སྔོན
288b5 ཆེར་འབར་བ།།ན་མཁའི་དཀྱིལ་དུ་ཐིག་ལེ་ཤར།།སྲོག་གི་སྒེ་རུ་ཤྭར་བ་དང་།།སྙིང་གི་དཀྱིལ་དུ་བསྒོམ་པར་བྱ།།སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི།།བསད་ཅིང་མེནན་པ་ཉིད་ཡིན་ཏེ།།ཕུར་པའི།
288b6 རྡོ་རྗེ་དེ་ཉིད་དེ།།རྣམ་པར་ཤེས་པ་རྡོ་རྗེར་བསྒོམ།།ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ་བྷུ་ཙ~ཾ།ཧཱན་ཏན་ཏུ་དག།རྡོ་གཞོན་ནུའི་རིག་འཛིན་པ་ཁྲོ་བོ་རྡོ་རྗེ་སྒྲུབ་པར་མཛད།།ཁྲོ་བ་རྡོ་རྗེ་ཕུར་པའི་ལྷ།
288b7 ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད།།སངས་རྒྱས་ཀུན་གྱི་ཡེ་ཤེས་སྐྱེ།།རྡོ་རྗེའི་དེ་ཉིད་རང་བཞིན་ལས།།ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད།།འབར་བའི་ཁྲོ་བོ་མི་བཟད་པ།།སྐུ་ཡི་གཏེར་དུ་བདག་བསྐྱེད
iiif viewer powered by OpenSeadragon
288a - 289a