| | e-texts navigator
|
18b1 བྱང་ཆུབ་ཐོབ་པའི་དོན་ཆེན་མཛད།།འགྲོ་བ་མགོན་མེད་རྣམས་དང་ནི།།རྣམ་གྲོལ་འབྲས་བུ་འཚལ་བ་ཡི།།རྣམ་དག་ལོགས་པའི་ལམ་འདི་ནི།།སྒྱུ་འཕྲུལ་དྲ་བའི་ཚུལ་བསྟན་པ།།ཟབ་ཅིང་།
18b2 ཡངས་ལ་རྒྱ་ཆེ་བ།།དོན་ཆེན་འགྲོ་བའི་དོན་བྱེད་པ།།སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི།།རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད།།།རྣལ་འབྱོར་ཆེན་པོའི་རྒྱུད་སྒྱུ་འཕྲུལ་དྲ་བ་སྟོང་ཕྲག
18b3 བཅུ་དྲུག་པའི་ཏིང་ངེ་འཛིན་དྲ་བའི་ལེའུ་ལས་བྱུང་བ།འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ
18b4 པས་གསུངས་པ་རྫོགས་སོ།།།།ཐུན་མོངས་དང་ཐུན་མོངས་མ་ཡིན་པའི་གསུང་རབ་ཐམས་ཅད་ལ་དབང་འབྱོར་པའི་བདག་ཉིད་ཆེན་པོ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི
18b5 བཀའ་དྲིན་གྱིས་ཉེ་བར་བསྐྱངས་པ་སྒྲ་བསྒྱུར་གྱི་ལོ་ཙྪ་བ་བློ་གྲོས་བརྟན་པས།བསམ་གཏན་གླིང་གི་དབེན་གནས་སུ་བསྒྱུར་ཞིང་དག་པར་བྱས་པའོ།།སྔོན་གྱི་སྒྲ་བསྒྱུར་ཆེན་པོ་དེ་དག་གིས།
18b6 རྒྱུད་འདི་བསྒྱུར་ཞིང་ཀུན་ལ་གྲགས་ལེགས་མོད།།འོན་ཀྱང་སྒྲ་དོན་གཙུག་ལག་ཇི་བཞིན་དུ།།རྒྱུད་འདི་བློ་བརྟན་གཉིས་པས་ལེགས་པར་བསྒྱུར།།།།རྒྱ་གར་སྐད་དུ།
18b7 ཥེ་ཀོ་ཏད་ཤི།བོད་སྐད་དུ།དབང་མདོར་བསྟན་པ།དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།།ཟླ་བ་བཟང་པོས་གསོལ་པ།སྟོན་པ་དབང་བསྐུར་རྣམ་བདུན་དང་།།རྣམ
iiif viewer powered by OpenSeadragon
18a - 19a