e-texts navigator
Collection
Volume
Page
Wylie

574b1 བསྒོམ་པར་བྱེད་པ་དང་།དགེ་བའི་ལས་ཀྱི་བག་ཡོད་པར་གྱུར་ན་གདོན་མི་ཟ་བར་མཐོང་།།གང་ཞིག་ཚངས་པར་སྤྱད་པ་སྤྱོད།།ཐུབ་པའི་གསུང་རབ་ཐོས་པ་དང་།།དེ་རྣམས་འཁོར་བ་ལས
574b2 གྲོལ་ཞིང་།།བླ་མེད་མཆོག་གྱུར་འཆི་བ་མེད།།ཚངས་པར་སྤྱད་པ་སྤྱོད་བྱེད་ཅིང་།།མཆོད་འོས་རྣམས་ལ་སྟོར་བ་དང་།།གསོ་སྦྱོང་རྣམས་ལ་གནས་པ་དང་།།ལེགས་པར་བྱམས
574b3 པ་བསྒོམས་པར་གྱིས།།བག་ཡོད་པར་ནི་འགྱུར་བ་དང་།།རྟག་ཏུ་བསོད་ནམས་བྱ་བ་བྱེད།།དགེ་བ་འདི་རྣམས་བྱས་པ་ཡིས།།སྡུག་བསྔལ་མཐར་ནི་བྱེད་པའོ།།བཅོམ་ལྡན་འོངས
574b4 ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།བྱམས་པའི་མདོ་རྫོགསོ།།།།པཎྜི་ཏ་ཆེན་པོ།།ཱནནྟ
574b5 ཤྲཱིའི་ཞལ་སྔ་ནས།མང་དུ་ཐོས་པའི་ལོ་ཙྪ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས།སྐད་གཉིས་སྨྲ་བ་རྣམས་ཀྱི་གདན་ས།གཙུག་ལག་ཁང་ཆེན་པོ་དཔལ
574b6 ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།ས་སྟེང་དུ་ཉི་མ་དང་ཟླ་བ་ལྟར་གྱུར་ཅིག།།སྔར་འགྱུར་བྱམས་པ་ལུང་བསྟན་དང་དོན་ཅིག།
574b7 ཏྱ་གར་སྐ་ད་དུ།མཾ་ཏཱི་བྷཱ་བ་ན་སཱུ་ཏྲ།བོད་སྐད་དུ།བྱམས་པ་བསྒོམ་པའི་མདོ།།འཕགས་པ་དཀོན་མཆོག་གསུམ་ལ་བུས་པས་ཕྱག་འཚལོ།།འདི་སྐད་བདག་གིས




iiif viewer powered by OpenSeadragon

574a - 575a

Texts on this page

N351 - byams pa'i mdo
N352 - byams pa bsgom pa'i mdo