| | e-texts navigator
|
468a1 ཞིག།ཁམས་མང་པོ་པ་ཞེས་བྱ་བར་ཡང་གཟུང་ཞིག་དེ་བས་ན་ཁམས་མང་པོ་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་གྲངས་འདིའི་ཚིག་བླ་དགས་ཡིན།།ཁམས
468a2 མང་པོ་པ་ཞེས་བྱ་བའི་མདོ་རྫོག་སོ།།།རྒྱ་གར་སྐད་དུ།གཎ་ཌཱི་སཱུ་ཏྲ།བོད་སྐད་དུ།གཱཎ་ཌཱིའི་མདོ།སངས་རྒྱས་དང་བྱང་ཆུབ་སེམས
468a3 དཔའ་ཐམས་ཅད་ལ་ཕྱག་འཚལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ནི་དགེ་སློང་སྟོང་དུ
468a4 ཚང་བའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་།བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ།ཐམས་ཅད་ཀྱང་དགྲ་བཅོམ་པ།ཟག་པ་ཟད་པ།བྱ་བ
468a5 བྱས་པ།བྱེད་པ་བྱས་པ།ཁུར་བོར་བྱ།བདག་གི་དོན་རྗེ་སུ་ཐོབ་པ།སྲིད་པར་སྦྱོར་བ་ཡོངསུ་ཟད་པ།ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་རྣམས་དང་།
468a6 བཅོམ་ལྡན་འདས་ཐབས་ཅིག་གོ།དེའི་ཚེ་རྒྱལ་པོ་གསལ་རྒྱལ་ཞེས་བྱ་བ་སྟོན་ལས་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས།བཅོམ་ལྡན་འདས་ཀྱི་ཞབས།
468a7 ལ་མགོ་བོས་ཕྱག་བཙལ་ཏེ།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་མ་འོངས་པའི་དུསུ་རྩོད་པའི་དུས་ཀྱི་ཚེ་སེམས་ཅན་ཐམས་ཅད་སྡིག
iiif viewer powered by OpenSeadragon
467b - 468b