e-texts navigator
Collection
Volume
Page
Wylie

411b1 དག་ལ་རྟུན་བྱེད་པ།།སྡུག་བསྔལ་ཀུན་ལས་གྲོལ་མ་འགྱུར།།གང་དག་སངས་རྒྱས་ཆོས་དང་ནི།།དགེ་འདུན་དག་ལ་སྐྱབས་སོང་བ།།སྡུག་བསྔལ་སྡུག་བསྔལ
411b2 ཀུན་འབྱུང་དང་།།སྡུག་བསྔལ་ཡང་དག་འགགས་པ་དང་།།བདེ་ཞིང་མྱ་ངན་དྲངས་འགྲོ་བའི།།འཕགས་ལམ་ཡན་ལག་བརྒྱད་པ་ཡི།།འཕགས་པའི
411b3 བདེན་པ་བཞི་པོ་དག།ཤེས་རབ་ཀྱིས་ནི་ལེགས་མཐོང་འགྱུར།།དེ་ནི་སྐྱབས་ཀྱི་གཙོ་བོ་དང་།།ད་ནི་སྐྱབས་ཀྱི་མཆོག་ཡིན་ཏེ།།སྐྱབས་དེ་དག་ལ་བརྟེན་བྱས་ན།།
411b4 སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།དགེ་སློང་དེ་དག་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ
411b5 ཡི་མངོན་པར་བསྟོད་དོ།།མདོ་ཆེན་པོ་རྒྱལ་མཚན་དམ་པ་ཞེས་བྱ་བ་རྫོག་སོ།།།རྒྱ་གར་སྐད་དུ།བཉྩ་ཏྲཻ་ཡན་ནཱ་མ་མ་ཧཱ་སཱུ་ཏྲ་མ།
411b6 བོད་སྐད་དུ།མདོ་ཆེན་པོ་ལྔ་གསུམ་པ་ཞེས་བྱ་བ།དཀོན་མཆོག་གསུམ་ལ་ཕྱག་འཚལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ནི།བཅོམ་ལྡན་འདས
411b7 མཉན་ཡོད་ན།རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རོ་བ་ན་བཞུགསོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ




iiif viewer powered by OpenSeadragon

411a - 412a

Texts on this page

N278 - mdo chen po rgyal mtshan dam pa
N279 - mdo chen po lnga gsum pa zhes bya ba