e-texts navigator
Collection
Volume
Page
Wylie

154b1 །རྒྱུ་གར་སྐད་དུ།ད་ཤ་ཙཀྲ་ཊཱི་ཏི་གཱ་བྷཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ།བོད་སྐད་དུ།འདུས་པ་ཆེན་པོ་ལས་སའི་སྙིང་པོའི་འཁོར་ལོ་བཅུ་པ་ཞེས་བྱ་བ་ཐེགས་པ་ཆེན
154b2 པོའི་མདོ།བམ་པོ་དང་པོ།།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་རི་ཁ་ལ
154b3 དེ་ཡ་ཞེས་བྱ་བ་དྲང་སྲོང་ཐུབ་པ་མང་པོའི་སྤྱོད་ཡུལ་གྱི་གནས་ན།དགེ་སློང་གི་དགེ་འདུན་ཆེན་པོ་ཚད་མེད་གྲངས་མེད་པ་དང་ཐབས་ཅིག་ཏུ་བཞུགས་ཏེ།ཐམས་ཅད་ཀྱང་ཉན་ཐོས
154b4 ཀྱི་དགེ་འདུན་ཆེན་པོ་ཤ་སྟག་གོ།།གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་དང་ཐབས་ཅིག་པ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་དགེ
154b5 འདུན་ཆེན་པོ་ཤྲ་སྟག་སྟེ།ཟླ་བའི་སྙིང་པོ་ཞེས་བྱ་བ་བཻ་ཤུད་མ་ཐག་ཏུ།དེའི་ཚེ་ལྷོ་ཕྱོགས་ནས་བསྲུང་གི་སྤྲིན་ཆེན་པོ་འདུས་པ་ལས་བསུང་གི་ཆར་ཆེན་པོ་རབ་ཏུ་འབབ་བོ།།
154b6 མེ་ཏོག་གི་སྤྲིན་ཆེན་པོ་འདུས་པ་ལས་མེ་ཏོག་གི་ཚོར་ཆེན་པོ་རབ་ཏུ་འབབ་བོ།།རིན་པོ་ཆེའི་ལྷ་རྫས་ཀྱི་རྒྱན་གྱི་སྤྲིན་ཆེན་པོ་འདུས་པ་ལས་རིན་པོ་ཆེའི་ལྷ་རྫས་ཀྱི་རྒྱན་གྱི་ཆར་ཆེན
154b7 པོ་རབ་ཏུ་འབབ་པོ།།ལྷ་རྫས་ཀྱི་གོས་ཀྱི་སྤྲིན་ཆེན་པོ་འདུས་པ་ལས་ལྷ་རྫས་ཀྱི་གོས་ཀྱི་ཆར་ཆེན་པོ་རབ་ཏུ་འབབ་བོ།།དེ་ལྟ་བུའི་སྤྲིན་དང་ཆར་ཆེན་པོས་དྲང་སྲོང་ཐུབ་པ་མང་པོ




iiif viewer powered by OpenSeadragon

154a - 155a

Texts on this page

N223 - 'phags pa chos yang dag par sdud pa zhes bya ba theg pa chen po'i mdo
N224 - 'dus pa chen po las sa'i snying po'i 'khor lo bcu pa zhes bya ba theg pa chen po'i mdo