e-texts navigator
Collection
Volume
Page
Wylie

282b1 ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་སྲིད་པ་འཕོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།།།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏཱ་དང་།དཱ་ན་ཤྲཱི
282b2 ལ་དང་།ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ།སྐད་གསར་ཚད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།།།རྒྱུ་གར་སྐད་དུ།ཨཱརྱ་སརྦ་བི་ད་ལྱཱ་སཾ་མོ
282b3 གྲ་ཏ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏཱ།བེདེ་སྐད་དུ།འཕགས་པ་རྣམ་པར་འཐག་པ་ཐམས་ཅད་བསྡུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།།སངས་རྒྱས་དང་།བྱང་ཆུབ་སེམས
282b4 དཔའ་ཐམས་ཅད་ལ་ཕྱག་འཚལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་དྲུག་ཁྲི་ཉིས་སྟོང
282b5 གི།དགེ་སློང་གི་དགེ་འདུན་ཆེན་པོ་དང་།བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཅུ་དང་།ལྕེ་དྲུག་ཁྲི་དང་།དགེ་བསྙེན་སྟོང་ཕྲག་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ།
282b6 དེའི་ཚེ་བཅོམ་ལྡན་འདས་ཡོངསུ་མྱ་ངན་ལས་འདའ་བའི་དུས་ལ་བཽ་བཱ་སྟེ།འདི་ནི་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་དབྱར་གནས་ཤིང་བཞུགས་པའི་ཐ་མ་ཡིན།།དེ་ནས
282b7 བཅོམ་ལྡན་འདས་ཀྱིས་ཏིངངེ་འཛིན་རྣམ་པ་ཇི་ལྟ་བུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དར་གྱི་ལྔ་ལྡི་བྲེས་པས་བརྒྱན་པ་དང་།པོག་པོར་གྱིས




iiif viewer powered by OpenSeadragon

282a - 283a

Texts on this page

N211 - 'phags pa srid pa 'pho ba zhes bya ba theg pa chen po'i mdo
N212 - 'phags pa rnam par 'thag pa thams cad bsdus pa zhes bya ba theg pa chen po'i mdo