e-texts navigator
Collection
Volume
Page
Wylie

279b1 གཡོས།ཀུན་ཏུ་རབ་ཏུ་གཡོས།འགུལ་རབ་ཏུ་འགུལ།ཀུན་ཏུ་རབ་ཏུ་འགུལ།ལྡེག་རབ་ཏུ་ལྡེགོ།ཀུན་ཏུ་རབ་ཏུ་ལྡེག་གོ།དེའི་ཚེ་དེར་གློག་གི་རྒྱན་ཆེན་པོ་བྱུང་ངོ་།།ལྷ་རྣམས་ཀྱིས
279b2 ཀྱང་ལྔ་སྒྲ་བསྒྲགསོ།།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏེ།།བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས།
279b3 འདི་ཇི་ལྟར་གཟུང་བར་བགྱི།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཀུན་དགའ་བོ་ཁྱོད་ཀྱིས་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་སྒོ་མཐའ་ཡས་པ་བསྒྲུབ་པ་ཞེས་བྱ་བར་ཟུང་ཞིག།
279b4 དེའི་དོན་ནི་དེ་ལྟར་བལྟ་བར་བྱ་སྟེ།དེ་དེ་བཞིན་དུ་ཟུང་ཞིག།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།ཚེ་དང་ལྡན་པ་ཤཱ་རིའི་བུ་དང་།དགེ་སློང་གཞན་དག་ཀྱང
279b5 བཅོམ་ལྡན་འདས་ཀྱིས་བཀོའ་སྩལ་པ་ལ་མངོན་པར་བསྟོད་དོ།།འཕགས་པ་གསུམ་ལ་སྐྱབསུ་འགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགསོ།།།།རྒྱ་གར་གྱི་མཁན
279b6 པོ་སརྦ་དྷཱི་དཾ་བ་དང་།ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གོ་ཏན་ལ་ཕབ་པ།།རྒྱ་གར་སྐད་དུ།ཨཱརྱ་བྷི་བ་ས་ཀྲཱ་ནི་ཏ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏཱ།
279b7 བོད་སྐད་དུ།འཕགས་པ་སྲིད་པ་འཕོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།།འདི་སྐད་བདག་གིས




iiif viewer powered by OpenSeadragon

279a - 280a

Texts on this page

N210 - 'phags pa gsum la skyabs su 'gro ba zhes bya ba theg pa chen po'i mdo
N211 - 'phags pa srid pa 'pho ba zhes bya ba theg pa chen po'i mdo