e-texts navigator
Collection
Volume
Page
Wylie

277b1 པར་འགྱུར་ཏེ།སངས་རྒྱས་ཀྱི་ཞིང་དུའང་བྱང་ཆུབ་སེམས་དཔའ་འབའ་ཞིག་གིས་ཡོངསུ་གང་བར་འགྱུར།།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།།
277b2 ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས།འདི་ཇི་ལྟར་གཟུང་བར་བགྱི།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།དེའི་ཕྱིར་ཀན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཆོས་ཐམས་ཅད
277b3 གེཡོ་བ་མེད་པ་ཞེས་བྱ་བར་ཟུང་ཞིག།ལྷག་པའི་བསམ་པ་བརྟན་པའི་ལེའུ་ཞེས་བྱ་བར་ཡང་ཟུང་ཞིག།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།ཚེ་དང་ལྡན་པ་ཀུན་དགའ་བོ་དང་།
277b4 བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པ་དང་།བྱང་ཆུབ་སེམས་དཔའ་དེ་དག་དང་།དགེ་སློང་དེ་དག་དང་།ཐམས་ཅད་དང་ལྡན་པའི་འཁོར་དེ་དང་།ལྷ་དང་།མི་དང་།ལྷ་མ་ཡིན་དང་།
277b5 དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་ལྷག་པའི་བསམ་པ་བརྟན་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི
277b6 མདོ་རྫོག་སོ།།།རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང་།པྲཛྙཱ་བར་མ་དང་།ཞུས་ཆེན་ཀྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།
277b7 རྒྱ་གར་སྐད་དུ།ཨཱརྱ་ཏྲི་ཤྭ་ར་ཎ་གཙྪ་མི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ།བོད་སྐད་དུ།འཕགས་པ་གསུམ་ལ་སྐྱབསུ་འགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།།དཀོན་མཆོག་གསུམ་ལ་ཕྱག་འཚལ།




iiif viewer powered by OpenSeadragon

277a - 278a

Texts on this page

N209 - 'phags pa lhag pa'i bsam pa brtan pa'i le'u zhes bya ba theg pa chen po'i mdo
N210 - 'phags pa gsum la skyabs su 'gro ba zhes bya ba theg pa chen po'i mdo