e-texts navigator
Collection
Volume
Page
Wylie

421b1 ཏྲ་དང་།དཱ་ན་ཤཱི་ལ་དང་།ཞུས་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ།སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།
421b2 རྒྱ་གར་སྐད་དུ།ཨཱརྱ་ཙིན་ཏྱ་པྲ་བྷ་ས་ནི་ར་དེ་ཤ་ནཱ་མ་དྷརྨྨ་པཪྴ་ཡ།བོད་སྐད་དུ།འཕགས་པ་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པས་བསྟན་པ་ཞེས་བྱ་བའི་ཆོས
421b3 ཀྱི་རྣམ་གྲངས།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་མཉན་ཡོད་ན།རྒྱལ
421b4 བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན།དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་།བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཙམ་དང་།ཐབས
421b5 ཅིག་ཏུ་བཞུགས་སོ།།དེ་ནས་བཅོམ་ལྡན་འདས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་གནས་ནས་བཞུགས་ཏེ།རྒྱལ་པོ་དང་།བློན་པོ་ཆེན་པོ་དང་།བྲམ་ཟེ་དང་།ཁྱིམ་བདག
421b6 དང་།གླིང་རྡལ་གྱི་མི་དང་།ནང་མི་རྣམས་ཀྱིས་བསྟི་སྟང་དུ་བྱས།བཙུན་པར་བྱས།རི་མོར་བྱས།མཆོད་པ་བྱས་ཏེ།བཅོམ་ལྡན་འདས་ཀྱིས་བཟའ་བ་དང་།བཅའ
421b7 བ་དང་།ཕྱོགས་པ་དང་།མྱང་བ་བཟང་པོ་མང་པོ་བརྙེས་སོ།།འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང




iiif viewer powered by OpenSeadragon

421a - 422a

Texts on this page

N90 - 'phags pa zung gi mdo'i chos kyi rnams grangs
N91 - 'phags pa khye'u snang ba bsam gyis mi khyab pas bstan pa zhes bya ba'i chos kyi rnam grangs