e-texts navigator
Collection
Volume
Page
Wylie

30b1 བའཛིན་པ།།ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་འཛིན་མེ་ཏྲ་དང་།ཞུ་ཆེན་གྱི་ལོ་ཙྪ་ག།བཱན་དྷ་ཅོག་གླུ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ།གཏན་ལ་ཕབ་པའོ།།
30b2 རྒྱ་གར་སྐད་དུ།བི་ན་ཡ་བི་བྷ་གི།བོད་སྐད་དུ།འདུལ་བ་རྣམ་པར་འབྱེད་པ།བམ་པོ་དང་པོ།དཀོན་མཆོག་གསུམ་ལ་ཕྱག་འཚལོ།།དུལ་བའི་རྒྱལ་པོ་རྗེའི་རིགསུ་འཁྲུངས།།སློབ་མ་འདུལ
30b3 མཛད་ཉེས་པ་རབ་ཐུབ་པ།།སངས་རྒྱས་འདུལ་བའི་གཙེ་ལ་ཕྱག་འཚལ་ཏེ།འདུལ་བའི་བསྔགས་པ་ཅུང་ཟད་བརྗོད་པར་བྱ།།ཕ་རོལ་མ་མཐོང་གཏིང་རྟོགས་མ་གྱུར་ཅིང་།།གླགས་པའི་མུན་གནག།
30b4 སློབ་དཔོན་ཚོགས་རྣམས་ཀྱིས།།དབྱེ་བས་ཐ་དད་འདུལ་བ་རྒྱ་མཚོ་ལ།།ཡོན་ཏན་ཀུན་བསྟོད་རྩོལ་བློ་བདག་ལ་མེད།།ཇི་ལྟར་འདི་ན་ཤིང་རྩ་གཙོ་བོ་སྟེ།རྣམ་པར་འཕེལ་དང་ཀུན་འཛིན་གཉིས
30b5 ཀྱི་གཞི།།དེ་བཞིན་དམ་ཆོས་ཚོགས་རྣམས་ཀུན་གྱི་ཡང་།།རྒྱུ་དང་རྩ་བ་འདུལ་བ་ཡིན་པར་གསུངས།།ཇི་ལྟར་ས་ནི་སྐྱེ་དགུ་རྣམས་ཀྱི་གཞི།།དེ་ལས་འབྲུ་རྣམས་སྐྱེ་བར་འགྱུར་བ་ལྟར།།
30b6 དེ་བཞིན་འདུལ་བ་འང་བསྡོམ་བརྩོན་རྣམས་ཀྱི་གཞི།།དེ་བཞིན་དེ་ལྔས་བསོད་ནམས་རྣམས་ཀྱང་སྐྱེ།།ཚུལ་ཁྲིམས་ཡོན་ཏན་རྣམས་ཀྱི་གནསུ་དགོངས།།དེ་ཡི་གནས་ནི་འདུལ་བ་ཡིན་པར
30b7 གསུངས།།འདི་ལག་ནས་པར་གྱུར་ན་མཐར་ཕྱིན་འགྱུར།།འདི་ལ་མི་གནས་མཐར་ཕྱིན་གཡོས་འགྱུར།།ཇི་ལྟར་ཆུ་ལོན་མི་ཕྱེད་སྲ་བ་ཡས།།ཆུ་ཀླུང་ཆེ་ཡང་ཟློག་པར་འགྱུར་བ་ལྟར།




iiif viewer powered by OpenSeadragon

30a - 31a

Texts on this page

N2 - so sor thar ba'i mdo
N3 - 'dul ba rnam par 'byed pa