e-texts navigator
Collection
Volume
Page
Wylie

165a1 བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནག་པོ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཆོ་ག་ནི་འདི་ཡིན་ཏེ། སྲད་བུ་དཀར
165a2 པོ་ལ་ལན་བདུན་བཟླས་པ་བྱས་ཏེ་མདུད་པ་བདུན་དོར་རོ། །ཆུ་ལ་ལན་བདུན་བཟླས་པ་བྱས་ལ་ལག་པས་བྱབས་ན་མིག་ནད་ཞི་བར་འགྱུར་རོ། །འཕགས་པ་མིག་ནད་རབ་ཏུ་ཞི་བར་བྱེད་པའི་མདོ། རྫོགས་སྷོ།། །།
165a3 དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཧེ་བྷ་ག་བཱན། མཉྫུ་ཤྲཱི་ཀུ་མཱ་ར། སརྦ་ཏ་ཐཱ་ག་ཏ། བ་ལ་བི་དྷིད་ཉ། སརྦ་ཏ་ཐཱ་ག་ཏཱ་ནན། ན་གེ་སྟི་སྟི་ཥ། སརྦ་ས་ཏྭ་ནན་སྭཱ་ཧཱ། འབྲུམ་བུའི་ནད་ཞི་བར་བྱེད་པའི་གཟུངས།
165a4 རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱརྱ་ཨཪྴ་པྲ་ཤ་མ་ནི་སཱུ་ཏྲ། བོད་སྐད་དུ། འཕགས་པ་གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །
165a5 འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པའི་ཚལ་ན་དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ
165a6 ལྡན་འདས་བཅཝ་ལྔའི་གསོ་སྦྱོང་ཟླ་བ་ཉ་བ་དེ་ཉིད་ཀྱི་ཚེ། དགེ་འདུན་གྱི་མདུན་དུ་གདན་བཤམས་པ་ལ་བཞུགས་སོ། །དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་རྔ་ཡབ་ཐོགས། བཅོམ་ལྡན་འདས་ལ་གཡོབ
165a7 ཅིང་འདུག་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན
165a8 འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་འདི་ན་དགེ་སློང་གཞང་འབྲུམ་ཅན་མང་པོ་དག་གཞང་འབྲུམ་གྱི་བྲོ་ནད་ཀྱིས་གཟིར་ཏེ། སྡུག་བསྔལ་མི




iiif viewer powered by OpenSeadragon

164b - 165b

Texts on this page

J930(a) - 'phags pa mig nad rab tu zhi bar byed pa'i mdo
J930(b) - 'brum bu'i nad zhi bar byed pa'i gzungs
J931 - 'phags pa gzhang 'brum rab tu zhi bar byed pa'i mdo