e-texts navigator
Collection
Volume
Page
Wylie

284a1 སོ|་|དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི
284a2 ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་ཀྱིས་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་སྒོ་མཐའ་ཡས་པ་སྒྲུབ་པ
284a3 ཞེས་བྱ་བར་ཟུངས་ཤིག་། དེའི་དོན་ནི། དེ་ལྟར་བལྟ་བར་བྱ་སྟེ། དེ་དེ་བཞིན་དུ་ཟུངས་ཤིག་།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་ཤཱ་རིའི
284a4 བུ་དང་། དགེ་སློང་གཞན་དག་ཀྱང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་དོ། །འཕགས་པ་གསུམ་ལ་སྐྱབས་སུ་འགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི
284a5 མདོ་རྫོགས་སོ། ། །།རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། རྒྱ་གར་སྐད
284a6 དུ|་ཨཱཪྱ་བྷེ་བ་སཾ་ཀྲཱནྟི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྲིད་པ་འཕོ་བ་ཞེས་བྱ་བ་ཐེག་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས
284a7 ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལནྟ་ཀ་གནས་པ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ




iiif viewer powered by OpenSeadragon

283b - 284b

Texts on this page

H226 - 'phags pa gsum la skyabs su 'gro ba zhes bya ba theg pa chen po'i mdo
H227 - 'phags pa srid pa 'pho ba zhes bya ba theg pa chen po'i mdo