| | e-texts navigator
|
173b1 རྣམ་གྲངས་འདི་བདུད་རྩིའི་རྔ་ཞེས་བྱ་བར་ཟུངས་ཤིག་། སྒྲ་ཆེན་པོ་ཞེས་བྱ་བར་ཡང་ཟུངས་ཤིག། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དེ
173b2 རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བྱ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །འཕགས་པ་སྒྲ་ཆེན་པོ
173b3 ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། ། །།རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིདྷ་དང་། ལོ་ཙཱ་བ་བནྡེ་དགེ་བ་དཔལ་གྱིས་བསྒྱུར། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིདྷ་དང་། ཞུས་ཆེན
173b4 གྱི་ལོ་ཙཱ་བ་བནྡེ་དེ་ཝ་ཙནྡྲས་ཞུས་ཏེ་གཏན་ལ་ཕབ་པ། ། །།རྒྱ་གར་སྐད་དུ། ཨཱཪྱ་སིདྷ་ནཱ་དི་ཀ་ན་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བ
173b5 ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཉི་ཟླའི་གནས་རྣམ་པར
173b6 རྒྱལ་བྱེད་ཀྱི་ཁང་བཟང་གི་ནང་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་། དགྲ་བཅོམ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན
173b7 འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་ལ་བཀའ་སྩལ་པ། རྣམ་པར་རྒྱལ་པའི་ཕུང་པོ། ཁྱོད་སངས་རྒྱས་ཀྱི་ཞིང་འདི་ནས་བྱང་ཕྱོགས་ལོགས་ན་གངྒཱའི་ཀླུང་དྲུག་ཅུའི་བྱེ
iiif viewer powered by OpenSeadragon
173a - 174a