| e-texts navigator |
| Wylie |
159b1 ཡི་དགས་མོ་ཁ་འབར་མ་དབུགས་དབྱུང་བའི་གཏོར་མའི་ཆོ་ག་རྫོགས་སྷོ།། @ཡི་དགས་ཁ་ནས་མེ་འབར་བ་ལ་སྐྱབས
159b2 མཛད་པའི་གཟུངས། དེའི་ཚེ་བཅོམ་ལྡན་འདས་ཡུལ་སེར་སྐྱ་ནས་དགེ་འདུན་གྱི་གནས་ན། དགེ་སློང་གི་དགེ་འདུན་དང་། བྱང་ཆུབ་སེམས་དཔའ་གྲངས་མེད་པས་ཡོངས
159b3 བསྐོར་བ་ལ་ཆོས་སྟོན་ཏོ།། དེའི་ཚེ་ཚེ་དང་ལྡན་པ་དགའ་བོ་བས་མཐའ་ཞིག་ན་ཆེས་ཡིད་ལ་བྱེད་ཅིང་དྲན་པ་མངོན་དུ་བཞག་ནས་འདུག་ནས་འདག་ལ། དེའི་ན་བ་མེ་ནམས་ཀྱི་ཆ
159b4 སྨད་ལ་ཡི་དགས་ཁ་ནས་མེ་འབར་བ་ཞེས་བྱ་བའི་གཟུགས་བྱེད་མི་སྡུག་པ། ཤིན་ཏུ་རིད་ཅིང་སྐྱེམ་པ། ཁ་ནས་མེ་འབར་བ། མགྲིན་པ་མོ་ཁབ་ཙམ་དུ་ཕྲ་བ། སྐྲ་འཛིངས
159b5 པ། སེན་མོ་དང་མཆེ་བ་རིང་བ། རྣོ་བ་ཤིན་ཏུ་འཇིགས་སུ་རུང་བ་ཞིག། དགའ་བོའི་དྲུང་དུ་འོངས་ནས་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱོད་ད་སྟེ་ཞག་བདུན
159b6 ནས་ཆེའི་དུས་བྱས་ཏེ། ཡི་དགས་ཀྱི་ཁམས་སུ་སྐྱེ་བར་འགྱུར་རོ་ཞེས་སྨྲས་སོ།། དགའ་བོས་དེ་སྨྲས་པ་དེ་ཐོས་ནས་ཤིན་ཏུ་འཇིགས་སྐྲག་སྟེ། ཡི་དགས་དེ་ལ་འདི་སྐད