| e-texts navigator |
| Wylie |
238a1 པ་དེ་དག་ཐམས་ཅད་ཞི་བར་གྱུར་ཅིག། ས་དྷ་ཡ་ས་དྷ་ཡ། མར་དྷ་ཡ་མ་ར་དྷ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ཏྲཾ་བྷ་ཡ་ཏྲཾ་བྷ་ཡ། ཨུད་ཙ་དྷ
238a2 ཡ་ཨུད་ཙ་དྷ་ཡ། ཧ་ན་ཧ་ན། བཛྲེ་ན། པ་ར་བ་ར། དན་ཏེ་ན། མཱ་ར་ཡ་མཱ་ར་ཡ། ཁ་ཌ་ག་ན། ཧྲི་ཧྲི་ཧྲེ། ཧེ་ཧི་ཧི། བྷཾ་བྷཾ་བྷྱཱཾ། སྲྀ་སྲྀ་སྲཾ། ཨ་ཙ་ལེ་ཙུ་ལེ་ཙུན་དྷེ། སརྦ
238a3 དྷ་ཡ། སྭཱ་ཧཱ།། ། བཅོམ་ལྡན་འདས་ལྷ་མོ་བསྐུལ་བྱེད་མའི་མཐུ་དང་སྟོབས་དང་།། བི་ནི་གྱིས་བདག་ལ་གནོད་པ་ཐམས་ཅད་ལས
238a4 བདག་དགེ་བར་གྱུར་ཅིག།། འཕགས་པ་ལྷ་མོ་བསྐུལ་བྱེད་མའི་གཟུངས་རྫོགས་སྷོ།། ། རྒྱ་གར་སྐད་དུ།།
238a5 ཨརྱ་བཛྲ་ཤྲི་ཁོ་ལ་སྱ་ཏན་ཏྲ་ཀ་ལ་པ། བོད་སྐད་དུ། འཕགས་པ་རྡོ་རྗེ་ལུ་གུ་རྒྱུད་མའི་རྒྱུད་ཀྱི་རྟོག་པ། དཔལ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།། དེ་ནས་ཡང་དག
238a6 བཤད་པར་བྱ།། དཔལ་བསྐྱེད་སྡུག་བསྔལ་སེལ་བྱེད་ཅིང་།། སྡང་བའི་འཆིང་ཚོགས་ལས་གྲོལ་བའི།། ཆོ་ག་མཛེས་མས་ལེགས་པར་ཉོན།། ཁྲུས་གཙང་སྦྲ་དང་བྲལ
238a7 ཞིང་།། དཀའ་ཐུབ་སྤྱོད་པ་དང་བྲལ་ནས།། དྲག་ཤུལ་སེམས་ཀྱི་སྡུག་བསྔལ་འདི།། བརྗོད་པ་ཙམ་གྱིས་མྱུར་དུ་འགྲུབ།། དད་པ་བརྩོན་འགྲུས་ཀྱིས་བརྒྱན་ཅིང་།། བག
238a8 ཡོད་སྙིང་རྗེ་ཆེར་ལྡན་པ།། དེས་ནི་བླ་མ་མི་སྤོང་ལ།། དཔའ་བསྟན་པ་ཤེས་རབ་ངེས་པ་ཆེ།། འགྲོ་ལ་བྱམས་སེམས་ཆེ་བ་དེས།། སྔགས་དང་ཏིང་འཛིན་ཕྱག་རྒྱ་སོགས།