e-texts navigator
Collection
Volume
Page
Wylie

32a1 པོས་བཀའ་སྩལ་པ། ནོར་གྱིས་བདག་པོས་ཁྱོད་ཀྱི་གཟུངས་འདི་གང་གིས་འཛིན་པ་དང་། འཆང་བ་དང་། འབྲི་བ་དང་།
32a2 ཀློག་པ་དེ་དག་ཐམས་ཅད་ལ་ཡིད་བཞིན་ནོར་བུ་བདེ་བ་ཐོབ་པར་འགྱུར་ཤིག། དེ་ནས་གནོ་འཛིན་གྱིས། གསང་བའི་བདག་པོ་དེ་ལྟར་བགྱིའོ།། ཞེས་གསོལ་ཏེ། ལན
32a3 གསུམ་དུ་བསྐོར་བ་བྱས་ཏེ། འཁོད་པར་གྱུར་ཏོ།། འཕགས་པ་དཔལ་གནོད་འཛིན་ཅེས་བྱ་བའི་གཟུངས་རྫོགས་སོ།། ། ཀླག་པས་གྲུབ་པ། བཅོམ
32a4 ལྡན་འདས་མ་འཕགས་མ་སོར་མོ་ཅན་ཞེས་བྱ་བའི་རིག་པའི་རྒྱལ་མོ་སངས་རྒྱས་ལ་ཕྱག་འཚལ་ལོ།། དེའི་ཚེ་དགེ་སློང་རྣམས་རིའི་རྒྱལ་པོ་གངས་རིན་གནས་ཏེ།
32a5 འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་དེ་ན་བཞུགས་ཏེ། དེས་བདག་ལ་སྨྲས་པ། བུ་སྔགས་ཀྱི་ཚིག་འདི་དག་ཉོན་ཅིག། ཀླུའི་དབང་པོ་རྣམས་ཀྱི་དུག་མེད
32a6 བར་བྱེད། གདུགས་སྦྲུལ་གྱི་དག་མེད་པར་བྱེད། གཡོའ་རྣམས་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་རྣམས་དང་། སེམས་ཅན་སྟོབས་པོ་ཆེ་རྣམས་དང་།
32a7 གྲལ་བུམ་རྣམས་དང་། སེམས་ཅན་ཕྲ་མོ་རྣམས་དང་། པྲ་མེན་པ་དང་། ཕྲ་མེན་མ་དང་། ཆུ་སྲིན་དང་། སྟག་དང་། རེ་ཅན་དང་། མཆེ་བ་ཅན་རྣམས་ཀྱིས་སྡུག
32a8 ཀྱི་ཚིག་དྲག་ཤུལ་ཆེན་མོ།། ཛང་གུ་ལི་ཡང་དག་པར་ཐོས་ནས། སྔགས་ཀྱི་གཙོ་བོ་སེམས་ཅན་གདུག་པ་ཅན་རབ་ཏུ་འཇིལ་བར་བྱེད་པ་དེ་སྔགས་ཆེན་གང་གི་དེ




iiif viewer powered by OpenSeadragon

31b - 32b

Texts on this page

F541 - 'phags pa gnod 'dzin dpal zhes bya ba'i gzungs
F542 - bklags pas grub pa bcom ldan 'das ma 'phags pa sor mo can zhes bya ba rig pa'i rgyal mo