e-texts navigator
Collection
Volume
Page
Wylie

15b1 དད་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་ལ་ལ་མོས་པ་དང་དད་པ་མང་བ་དེར་སྐྱེ་བར་འགྱུར་ཏེ། གསེར་གྱི་ས་བཞི་ཆེན་པོ་ལ་རིན་པོ་ཆེ་སྣ་བདུན་གྱི་པད་མ་ཆེན་པོ་དག
15b2 ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ།། དགེ་སློང་དག། དགེ་སློང་ཕ་འམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལས། དེ་བཞིན་གཤེགས་པ་ཚེ
15b3 དཔག་མེད་པ་དེའི་མཚན་ཡང་དག་པར་འཛིན་པ་དེ་ལ། མེའི་འཇིགས་པ་མི་འབྱུང་ཆུའི་འཇིགས་པ་མི་འབྱུང་། དུག་གི་འཇིགས་པ་མི་འབྱུང་། མཚོན་ཆའི་འཇིགས་པ
15b4 མི་འབྱུང་། གནོད་སྦྱིན་གྱི་འཇིགས་པ་མི་འབྱུང་། སྲིན་པོའི་འཇིག་པ་མི་འབྱུང་སྟེ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་གང་ལ་ཡང་མ་ཏོགས་སོ།། བཅོམ་ལྡན་འདས
15b5 ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་།
15b6 ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད
15b7 པའི་སྙིང་པོ་ཞེས་བྱ་བའི་གཟུངས་ས་རྫོགས་སོ།། དགེའོ།། བཀྲིས།། །། རྒྱ་གར་སྐད་དུ། ཨཱརྱ་ཨ་བྷི་ཥྚི་ཀ་ན་མ་དྷ་ར་ནི། བོད་སྐད་དུ། འཕགས་པ་དབང
15b8 བསྐུར་བ་ཞེས་བྱ་བའི་བཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།།




iiif viewer powered by OpenSeadragon

15a - 16a

Texts on this page

F535 - 'phags pa tshe dang ye shes dpag tu med pa'i snying po zhes bya ba'i gzungs
F536 - 'phags pa dbang bskur ba zhes bya ba'i gzungs