| e-texts navigator |
| Wylie |
98b1 ཞིག་རྒྱུད་འདི་ལ་བྱེད་ན།། ནང་དང་གདོན་དང་རིམས་དང་ནི། རྒྱལ་པོ་ཅན་གཟན་འཇིགས་པ་དང་། འཇིགས་པ་ཀུན་ལས་གྲོལ་བར་འགྱུར།། འདོད་ཆགས་ཞེས་སྡང་ཏི་མུག་དང་།། མཚམས་མེད
98b2 མི་དགེ་སྡིག་པ་ཀུན།། རབ་ཏུ་ཞི་བར་བྱེད་འགྱུར་ཏེ།། དམྱལ་བ་ངན་སོང་སྡུག་བསྔལ་དང་།། མི་ཁོམ་བརྒྱད་ལ་རྣམ་གྲོལ་སྟེ།། ཉན་དང་བཤད་དང་བསྒོམ་པར་འགྱུར།། དྲི་མེད་ནམ་མཁའི་དཀྱིལ
98b3 ལྟ་བུའི།། བཅོམ་ལྡན་འདས་ཀྱང་མཐོང་བར་འགྱུར།། ཞེས་བཀའ་སྩལ་ནས།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ།
98b4 བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་བཏུགས་ནས་ལེགས་སོ་ལེགས་སོ་ཞེས་བྱ་བ་གསུངས་ནས། སྟན་ལ་འཁོད་དོ།། བྱང་ཆུབ་སེམས་དཔའ་འབུམ་ཕྲག་ལྔ་སྟོང་དང་།། ལྷ་དང་མི་དང་ལྷ
98b5 མ་ཡིན་དུ་བཅས་པའི་འཇིག་རྟེན་ཡིད་རང་སྟེ་བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ།། བང་མ་ཅོད་པན་རྒྱུད་ཅེས་བྱ་བ།། ལེའུ་བཅུ་གཅིག་པའོ།།
98b6 རྫོགས་སྷོ།། ། པན་ཊི་ཏ་དྷརྨ་ཤྲི་མི་ཏྲ་དང་། ལོ་ཙྪ་བ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། རྒྱ་གར་སྐད་དུ།། ལོ་ཀཽ་ཤ་ར་ཀཱ་ལ་པ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་གི་རྟོག
98b7 པ།། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། སངས་རྒྱས་ལ་ཕྱག་འཚལ་ལོ།། ཆོས་ལ་ཕྱག་འཚལ་ལོ།། དགེ་འདུན་ལ་ཕྱག་འཚལ་ལོ།།
98b8 འཇིག་རྟེན་མགོན་པོས་རྟོག་པ་ནི།། མདོར་སྔས་འདིར་ནི་བཤད་པར་བྱ།། སངས་རྒྱས་ཐམས་ཅད་རྒྱུད་ཆེན་པོ།། འདོད་པའི་དོན་ཀུན་རབ་སྟེར་བྱའོ།། དང་པོར་རེ་ཤིག་རིགས་པ་འཛིན་པས།།