e-texts navigator
Collection
Volume
Page
Wylie

89b1 བྱིར་འདི་དགས་དཀར་པོ་ལ་ལན་དུ་མར་སྔགས་ན་བར་ཆད་ཐམས་ཅད་ཞི་བར་འགྱུར་རོ།། སེང་གེ་སྒྲའི་རྒྱུད་ཅེས་བྱ་བ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་བན་ཏྲི་ཏ་པྲཛྙཱ་ཀ་ར་དང་། བོད་ཀྱི་ལོ་ཙཱ།
89b2 བ་འགོས་ཁུག་པ་ལྷས་བཙས་ཀྱིས་ཞུས་ཤིང་བསྒྱུར་ཏེ་གཏན་ལ་བབ་པའོ།། །། འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འཕགས་པ་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ
89b3 རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་པས་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ།།
89b4 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག། ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པས་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན
89b5 གོ། འཕགས་པ་སེང་གེ་སྒྲ་ལ་ཕྱག་འཚལ་ལོ།། ཞེས་བརྗོད་པར་བགྱི་བ་ལགས་སོ།། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨི་ཊེ། བཊེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ། ཀུ་སུ
89b6 མེ་བ་རེ། ཨི་ལི་མི་ལི། ཙི་ལི་ཙི་ཏི། ཛ་ལ་མ་ཧཱ་བ་ན་ཡ། ཤུད་དྷ་སྭཱ་ཧཱ། མ་ཧཱ་ཀུ་རུ་ནི་ཀ་ཡཱ། སྭཱ་ཧཱ། ཨོཾ་ན་མོ་ཨརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བྷོ་དྷི་སཱ་ཏ་ཡ། མ་ཧཱ་ཀ་རུ་ཏ་ཡཱ། མ་ཧཱ་ཀ་རུ་ཎི་ཀ་ཡཱ།
89b7 ཏད་ཡཡཱ་ཐཱ། ཨོཾ་ཀ་ཏེ་བི་ཀ་ཏེ། ནི་ཀ་ཏེ། ཀ་རཾ་ཀ་ཏེ། ཀ་རོ་ཏེ། ཀ་རོ་ཏེ། བི་རྱེ་སྭཱ་ཧཱ། འདི་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་ཡིན་ཏེ། ནང་པར་སྔ་བར་ལངས་ཏེ་བའི་ལྕི་བ་ས་ལ་མ་ལྷུང་།
89b8 བས་དཀྱིལ་འཁོར་བརྒྱད་བྱས་ལ། དཀྱིལ་འཁོར་རེ་རེ་ཞིང་ལན་བཅུ་གསུམ་བཅུ་གསུམ་བཟླས་པར་བྱས་ནས། བའི་ལྕི་བ་ལྷག་མས་ནད་པ་ལ་སྐུ་བར་བྱའོ།། གལ་ཏེ་ཞག་བདུན་ནམ། ཞག་བཅུ་གསུམ




iiif viewer powered by OpenSeadragon

89a - 90a

Texts on this page

F501 - seng ge sgra'i rgyud ces bya ba
F502 - 'phags pa spyan ras gzigs dbang phyug seng ge sgra'i gzungs zhes bya ba