| e-texts navigator |
| Wylie |
236a1 རྫོགསྷོ།། ། རྒྱ་གར་སྐད་དུ། ཨརྱ་ད་ཤ་བཛྲ་པ་ཎི་ན་ཧྲི་ད་ཡན། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེའི་སྙིང
236a2 བོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ
236a3 རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་བཀའ་བསྩལ་པ། ཀུན་དགའ
236a4 བོ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ལ་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་བཅུའི་མིང་ཤེས་སོ། རུས་ཤེས་སོ། གསང་སྔགས་ཤེས་པ་དེ་ལ་བྱེད་ཀྱིས་མི
236a5 ཚུགས་སོ།། གནོད་སྲིན་དག་རྣམས་པར་ཆེ་བར་མི་ནསོ།། སྲིན་པོ་རྣམས་དང་། ལྷ་མ་ཟ་བ་རྣམས་དང་། བདུག་པ་རྣམས་འཚེ་བར་མི་ནསོ།། ཕྱིས་འཇོག་པ་རྣམས
236a6 ཀྱང་གནོད་པར་མི་འགྱུ་རོ།། །། ཏད་ཡ་ཐ། ཨུ་ཀི་རི། མི་ཀི་རི། མ་རི་ཙི་པ། རྣ་ཤ་པ་རི། ཨི་ལི་མི་མི་ལ་མི། ནི་ལ་མེ། ཎི་ལ་མེ། ཨི་ལི་མེ། ཨི་ལི་མི་ལི་མེ། ཧིག་ཀེ
236a7 དྷིག་ཀེ་དྲུག་ཀེ། དྷུ་དྷུ་རེ། བྲ་དྷ་རེ། ཨ་ལཾ་བ་ལེ། བ་ལཾ་བ་ལེ། ཁུ་ཁུ་མེ་ཧི། ཁུ་མེ་ཏུ་མེ། ཁི་རི་ཁི་རི། ས་ཊ་ས་ཊ། སརྦ་མ་བཀའ་བཀའ་ལེ་བན་ག་བ་ཀ་ལ།།
236a8 ཀུན་དགའ་བོ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་བཅུ་པོ་འདི་དག་ལ་རྟག་ཏུ་བདག་གི་ཕྱི་བཞིན་དུ་འབྲང་བར་གྱུར་ནས། བདག་ཉིད་ལོག་པ་དང་། མྱོས་པ་དང་། རབ