| e-texts navigator |
| Wylie |
231b1 བར་མ་དང་། ནུ་ཆེན་གྱི་ལོ་རྩུ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་། སྲད་ཀྱིས་རྒྱ་གར་གྱི་མཁྱེན་པོ་ཐེག་པ་ཆེན་པ་ཆེན་པོ་དབུ་མའི་སློབ་དཔོན་ཡུལ་ལྷོ་ཕྱོགས
231b2 སུ་བྱུང་བ། ཀྲི་རྣ་བ་ན་ཊི་ཏ་དང་གཉིས་ཀྱི་བཅོས་ཤིང་ཞུས་ཏེ་གཏན་ལ་བབ་པའོ།། ཡང་སླད་ཀྱིས་རྒྱ་གར་གྱི་མཁན་པོ་ཤྲི་ན་རན་ཧ་དང་། བོད་ཀྱི་ལོ་ཙྪ་བ་ཨུ་རྒྱན་པ་རིན
231b3 ཆེན་དཔལ་གྱིས་ཡུལ་དབུས་ཀྱི་དཔེ་ལྟར་བཅོས་ཤིང་ཞུས་ཏེ་གཏན་ལ་ཕབ་པའོ།། རི་བོ་ཆེན་པོ་སཱུད་ཏྲའི་མགུལ་ཏུ་ཡི་གེར་བཀོད་པ་ལགས། རྗེ་ཨུ་རྒྱན་པ་ལ་བཞུག་སོ།
231b4 རྫོགསྷོ།། ། རྒྱ་གར་སྐད་དུ། ཨརྱ་བཛྲ་ཨ་ཛ་ཏ་ཨ་ན་ལ་པྲ་མ་ཧ་ནི་ན་མ་དྷ་ར་ནི། བོད་སྐད་དུ། འཕགས་པ་རྡོ་རྗེ་མི་ཕབ་པ་མེ་ལྟར
231b5 རྨོངས་བྱེད་ཅེས་བྱ་བའི་བཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས
231b6 རིན་པོ་ཆེའི་རྩེ་མོ་ལ་ཁང་པ་བརྩེགས་པ་ཅན་དན་གྱི་རི་གངས་རིའི་རྩེ་མོ་ལ་ཁང་པ་བརྩེགས་པ་ཅན་གྱི་རིའི་སུལ་གྱི་མཆོག། རི་རབ་ཀྱི་སྨད་དང་རྐེད་ལྷར་གསེར་གྱི་རྡོ་སྣ་ཚོག
231b7 ཀྱི་གང་ཞིང་རེའུར་བྲེས་པ་འབར་བ། རིན་པོ་ཆེའི་རྗོད་མ་འོད་སྣ་ཚོགས་འདི་ལྟ་བུ་བྱུང་བའི་རྡོ་ལེ་བ་ཡངས་པ། མེ་ཏོག་དྲི་ཞིམ་པོ་བཀྲམ་ཞིང་བྱེ་མ་དང་། བདུག་པ་དྲི་ཞིམ
231b8 བོ་མང་པོས་ཕུག་གི་ནང་། ནགས་བསྒོས་པ་དང་། གདགས་ཨ་ཀ་རུ་དང་། བྱེ་མ་དང་དྲིལ་བུ་དང་། བླ་རེས་མཛེས་པར་བྱས་པའི་རི་བོ་མཆོག་དང་ལ་བཞུགས་སྟེ།