| e-texts navigator |
| Wylie |
261a1 བསྡུས་བཤད་པའོ།། ཟླ་བཟང་ཀྱེ།། འཇིག་རྟེན་གྱི་ཁམས་ཀྱི་ལེའུ་ལ་སོགས་པ་ལས།། ལེའུ་ལྔ་པ་མཆོག་ཏུ་མི་འགྱུར་བའི
261a2 དབང་གིས་བསྒྲུབ་པ་མདོར་བསྡུས་པའི་ལེའུ་ཞེས་བྱ་བ་རྫོགས་སྷོ།། ། རྒྱ་གར་གྱི་པཎྜི་ཏ་ཟླ་བ་མགོན་པོ་དང་།
261a3 བོད་ཀྱི་ལོཙྪ་བ་དགེ་སློང་ཤེས་རབ་གྲགས་ཀྱིས་སྒྱུར་ནས་གཏན་ལ་ཕབ་པའོ།། ། སྲད་ནས་པནཱི་ཏ་མཁས་པ་ཆེན་པོ་ས་མནྟ་ཤྲིའི་ཞལ་མངའ་ནས།
261a4 ལོ་ཙཱ་བ་དགེ་སློང་ཆོས་རབ་ཀྱིས་ཞུ་ཆེན་ལེགས་པར་བགྱིས་པའོ།། ཡང་ཕྱིས་པུཥྤེ་ཤྲཱི་དེ་ཤནྡྲས་རྒྱ་དཔེ་ལ་བཏུགས་ཤིང་འགྲེལ་པ་དང་བཏུན་ནས་ཆད་པ་བསབས་ཟུར
261a5 ཉམས་པ་རྣམས་བསོས་ཏེ་དག་པར་བྱས་པའོ།། །
261a6 རྒྱ་གར་སྐད་དུ། ཀྵེ་ཀ་པྲ་ཏི་ཡ། བོད་སྐད་དུ། དབང་གི་རབ་ཏུ་བྱེད་པ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ།། ཀུན་མཁྱེན་ཡེ་ཤེས་སྐུ་དང་ཉིན
261a7 མོར་བྱེད་པའི་སྐུ་སྟེ་སྤྱན་ནི་པད་མའི་འདབ་ལྟར་རྒྱས།། སངས་རྒྱས་སེང་གེའི་ཁྲི་ཞུགས་ལྷའི་གཙོ་བོ་ཕྱག་བྱས་པ་ལ་སྤྲིས་བཏུད་དེ།། རྒྱལ་པོ་ཟླ་བཟང་ལག