| e-texts navigator |
| Wylie |
272a1 དཔལ་མཆོག་དང་པོའི་རྒྱུད་འདི་བསྒྱུར་བ་ལ། བར་བར་དཔེ་མ་རྙེད་པར་མ་འགྱུར་བ། བདག་གིས་འབད་པས་དཔེ་བཙལ་བ་རྙེད་པས་བསྒྱུར།
272a2 དགེ་ལེགས་འཕེལ་བར་ཤོག།
272a3 རྒྱ་གར་སྐད་དུ། སརྦ་དུ་ག་ཏི་པ་རི་ཤོ་དྷ་ནི་ཏེ་ཛཱ་ར་ཛ་ཏ་ཐཱ་ག་ཏ་ཧར་ཏེ་སམ་མྱག་སམ་བྱུང་ཏེ་བྱེ་བ་ལ
272a4 པཱ། བོད་སྐད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། ངན་སོང་ཐམས་ཅད་རྣམ་པར་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ།
272a5 བརྟག་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ལྷའི་ཚོགས་ཐམས་ཅད་ཀྱི
272a6 དགའ་བའི་ཚལ་ཡིད་དུ་འོང་བ་ན། ནོར་བུ་དང་གསེར་གྱི་ཤིང་ཡལ་ཀ་དང་ལྕུག་མར་བཅས་པ་དང་། ཤིང་གེལ་བ་དང་། སྨན་དང་། མེ་ཏོག་ཀ་མ་ལ་དང་། མེ་ཏོག
272a7 ཨུད་པ་ལ་དང་། མེ་ཏོག་ཀར་ནི་ཀ་དང་། མེ་ཏོག་པ་ལ་དང་། མེ་ཏོག་ཏི་ལ་ཀ་དང་། མེ་ཏོག་ཨ་ཤོ་ཀ་དང་། མེ་ཏོག་མན་དྷ་ར་བ་ཆེན་པོ་ལ་སོགས་པ་སྣ་ཚོགས་པ་དང་།
272a8 མེ་ཏོག་མན་དྷ་ར་བ་དང་།