| e-texts navigator |
| Wylie |
257'b1 སྟོང་ཁམ་དག་ནི་སྣང་བར་བྱེད།
257'b2 ཁམས་ནི་ཐད་དུ།། སངས་རྒྱས་སྐུ་དང་འདྲ་བར་འགྱུར།། རྡོ་རྗེ་དམ་ཚིག་དངོས་གྲུབ་མཆོག། རྡོ་རྗེའི་བདག་ཉིད་དེ་སྣང་བྱེད།། གང་གྷ་ཀླུང་གི་བྱེ་མ་སྙེད།། སངས་རྒྱས་ཞིང་།
257'b3 ནི་ཐམས་ཅད་དུ།། གྲུབ་ནས་འདིར་ནི་དེར་སྤྱོད་པའི།། རིག་པ་འཛིན་པར་དེར་འགྱུརརོ།། ཨུ་ཡི་རྡོ་རྗེ་བསྒོམ་བདག་ཉིད།། དངོས་གྲུབ་དམ་ལག་གནས་པ།། མེ་སྣང་གྱུར་པ་ཀུན་གྱི་མཆོག་ས
257'b4 མཆོག་འཕྲོགས་པ།། སངས་རྒྱས་རྣལ་འབྱོར་མེར་ལེགས་སྦྱོར།། གང་གའི་བྱེ་སྙེད་ཅེས་བྱ་བའི།། རྫོགས་པའི་སྤུ་ལུས་ཀུན།། དཔེ་དེ་དང་ནི་གྲངས་གཅིག་པ།། སངས་རྒྱས་དུས
257'b5 གསུམ་རྣམས་སྤངས་པ།། ལག་ཏུ་སྐྱུ་རུ་ར་བཞག་བཞིན། རྡོ་རྗེ་མིག་གིས་དེ་མཐོང་འགྱུར།། སངས་རྒྱས་ཞིང་ནི་གང་དག་ཏུ།། སྒྲ་གྲགས་པ་ནི་ཇི་སྙེད་པ།། རྣ་བ་ལ་གནས་མ
257'b6 ནོར་བར། སྐ་ཅིག་གིས་ནི་དེ་ཀུན་ཐོས།། གང་གའི་བྱེ་བསྙེད་ཞིང་དག་ན། སྐུ་ལ་སོགས་པ་གསུམ་གྱི་མཚན།། སེམས་ཞེས་བཤད་པའི་བསྒོམ་པ་མཆོག། སེམས་ཅན་རྣམས
257'b7 ཀྱི་དེ་ཉིད་རིག། བསྐལ་པ་གང་གའི་བྱེ་སྙེད་དུ།། སངས་རྒྱས་རྡོ་རྗེ་མཆོག་གིས་འགེངས།། རྡོ་རྗེ་བསམ་མི་ཁྱབ་སྔོན་འགྲོ།། རང་གི་རྣ་བ་སེམས་བཅས་པ།། གང་གི་འབྱེ་མའི
257'b8 མིང་ཅན་གྱི།། གནས་ཀྱི་དངོས་གྲུབ་བཤད་པ་ཡི།། སངས་རྒྱས་རྣམས་ཀྱི་མངོན་ཤེས་གནས།། འདི་ནི་ཡང་དག་བཀའ་སྩལ་ཏོ།། མངོན་ཤེས་དྲུག་ནི
257'b9 དོན་གྲུབ་པ།། དེ་ནི་སངས་རྒྱས་འདྲ་བར་འགྱུར།། གང་གའི་བྱེ་སྙེད་ཀླུང་སྙེད་ཀྱི།། འཁོར་རྣམས་ཀྱིས་ནི་རབ་མཛེས་པ།། སུ་སོགས་རྡོ་རྗེ་གསུམ་འདི་ནི།།