e-texts navigator
Collection
Volume
Page
Wylie

257'a1 དཀྲོངས#གང་བཤད་དེ།། ཡེ་ཤེས་བདེ་རྣམས་འདི་མེད་འདོད།། ཁྲོན་པའི་རུས་སྦལ་ཞེས་བྱའོ།། ནམཁའ་དང་ནི་མཉམ་ཡེ་ཤེས།། རྡོ་རྗེ་ཐེག་པ་བླ་ན་མེད
257'a2 པ།། མཆོག་སྦྱོར་བ་ནི་ཁྱེད་བཞིན་དུ།། རྒྱ་ཆེན་དེ་ཡི་མཐོང་ངོ་།། རྡོ་རྗེ་ཐེག་པ་རྒྱ་མཚོ་སྟེ།། དེ་ཡིས་ཡང་དག་མ་མཐོང་བས།། རང་གི་ལུང་གི་ཚད་མ་ཡིས།། གཞན་གྱིས་པ་ནི།
257'a3 མིན་ཞེས་སྨྲ།། ཐེག་པ་ཆེ་ལ་གནས་པ་རྣམས།། སྲང་ལ་གཞལ་ཏེ་དེ་སྨྲ་བ།། དེར་རྣམས་སྔོན་བཞིན་གསལ་མིན་ཞེས།། ང་ཡིས་ཚིག་ལ་བལྟས་དེ་སྨྲས།། དེ་ཉིད་རྗེསུ་བཟུང
257'a4 བའི་ཕྱིར།། རྫོགས་སངས་རྒྱས་ལ་བསྒོམ་པ་རྣམས།། གང་ཞིག་ཤེས་ན་རྟོག་མེད་འགྱུར།། གསང་བ་དགོངས་པས་གསུངས་པ་ཡིན།། སྔགས་ཀྱི་དེ་ཉིད་དོན་བྱང་ཆུབ
257'a5 རྣ་ཚོགས་འབྲས་བུ་དངོས་གྲུབ་གཏེར།། དགོད་དོན་ཇི་ལྟ་ཇི་ལྟར།། དེ་ནི་ཡང་དག་བཤད།། དམ་ཚིག་རྡོ་རྗེ་ལྕེ་ལ་ནི།། རྡོ་རྗེ་ཅན་གྱི་ཧཱུཾ་བསམ་ཏེ།། རྣལ་འབྱོར་པས
257'a6 ནི་བདུད་རྩི་ལྔར།། ཟོས་ན་རྡོ་རྗེ་གསུམ་ཐོབ་འགྱུར། ཡ་དང་ཨོཾ་གྱི་གསང་བ་བདག། འདི་ནི་རྡོ་རྗེ་གསུམ་མཆོག་ཏེ།། འདི་ལྟ་བུ་ཡི་སྦྱོར་བ་ཡིས།། རྡོ་རྗེ་སེམ
257'a7 དཔའ་འོད་ཆེན་འགྱུར།། འདི་ནི་རྡོ་རྗེ་བདུད་རྩི་ཡི།། ཕྲེང་གྱུར་དམ་ཚིག་རྡོ་རྗེར་བཤད།། རྡོ་རྗེ་སེམས་དཔའ་ཡང་དག་བྱུང་།། ཏིང་ངེ་འཛིན་ནི་བཤད
257'a8 པ་ཡིན།། རྡོ་རྗེ་གསུམ་གྱི་དམ་ཚིག་མཆོག། སྐུ་གསུང་རྡོ་རྗེ་ཅན་དུ་འགྱུར།། དེ་ཉིད་སེམས་ཅན་ཐམས་ཅད་ཀྱི།། ཡིད་བཞིན་ནོར་བུའི་རྒྱ་མཚོ་ཆེ།། འཇིག་རྟེན




iiif viewer powered by OpenSeadragon

257b - 257'b

Texts on this page

F415 - de bzhin gshegs pa thams cad kyi sku gsung thugs kyi gsang chen gsang ba 'dus pa zhes bya ba brtag pa'i rgyal po chen po
F418 - dgongs pa lung bstan pa zhes bya ba'i rgyud