e-texts navigator
Collection
Volume
Page
Wylie

256'b1 གནས་མེད་གནས་པའི་སྦྱོར་བ་ཡིས།། དེ་ཉིད་སྔགས་དོན་རྣལ་འབྱོར་པས།། འགྲོ་བའི་འདོད་པའི་ལོངས་སྤྱོད་ཀྱང་།། མི་གསལ་སྦྱོར་བྱར་བྱེད།། གང་ཡང་དམ་ཚིག་ཕྱོགས་རྣམ
256'b2 ན།། མཁའ་དབྱིངས་དབྱེ་བ་གནས་པ་རྣམས།། དེ་ཉིད་རྡོ་རྗེས་བཀུག་ནས་ནི།། སྔགས་རིག་པས་ནི་སྤྱད་པར་བྱ།། ན་མཁའི་དབྱིངས་ནི་དགུག་པ་ཡི།། དམ་ཚིག་ཆེན་པོ་རྡོ་རྗེ་ཅན།།
256'b3 སྔགས་ཀྱི་དེ་ཉིད་གཅིག་སྦྱོར་ལས།། ལྕགས་ཀྱུ་དེ་རྣམས་འགྲུབ་པར་འགྱུར།། དམ་ཚིག་རྣམས་ནི་དགུག་པའི་མཆོག། རྒྱལ་གནས་ལྕགས་ཀྱུ་བསམ་ནས་ནི།། རྣམ་པར་སྣང་།
256'b4 མཛད་འཁོར་ལོ་ཆེ།། རྡོ་རྗེ་པདྨ་ལགྲོས་བྱ།། མེ་ལོང་ལྟ་བུའི་བསྔགས་པས་ནི།། སངས་རྒྱས་སྐུ་ནི་རྣམ་པར་བསྒོམ།། ལག་ཏུ་སྐུ་དང་གསུང་ཐུགས་ཀྱི།། ལྕགས་ཀྱུ
256'b5 ལ་སོགས་རབ་ཏུ་བསྒོམ།། དེ་ནི་སྦྱོར་བ་འདི་ཉིད་ཀྱིས།། དེ་ཉིད་ལས་ནི་ལྷ་རྣམས་དགོད།། དེ་ནི་དེ་མ་ཐག་ཏུ་ཡང་།། དངོས་གྲུབ་ཀུན་གཏོར་ལས་བྱས་འགྱུར།། སྐུ་དང་གསུང་ཐུགས
256'b6 ཐམས་ཅད་དང་།། མཚན་ཉིད་ཅིག་པར་བསྒོམ་པར་བྱ།། ལྕེ་ཡི་རྡོ་རྗེ་སྦྱོར་བ་ཡིས།། གསུང་ནི་རྡོ་རྗེར་དེ་མཉམ་སྒོམ།། བརྟུལ་ཞུགས་ཅན་གྱིས་ཕྱི་ནང་གཉིས།། གསང་བའི་རྡོ་རྗེ་མཆོག
256'b7 མཆོད་དོ།། དངོས་མེད་དམ་ཚིག་སྦྱོར་བ་ཡིས།། ཇི་ལྟ་ཇི་ལྟར་རབ་བསྒྲུབ་པ།། དམ་ཚིག་གསུམ་གྱི་རྣལ་འབྱོར་པའི།། དེ་ནི་ཡང་དག་ཡིན་པར་བཤད།། གསང་བའི་སྙིང་པོ
256'b8 བསྡུས་པ་ཡི།། དངོས་གྲུབ་ཀུན་གྱི་མཆོག་ཏུ་འདོད།། བཅོམ་ལྡན་དམ་ཚིག་ཆེན་པོ་ཡི།། རྣལ་འབྱོར་པས་ནི་དེ་སྐད་གསུང་།། དེ་ནས་ཕྱག་ན་རྡོ་རྗེ་ནི། གོ་འབྱེད་གསང་བ




iiif viewer powered by OpenSeadragon

256'a - 257a

Texts on this page

F415 - de bzhin gshegs pa thams cad kyi sku gsung thugs kyi gsang chen gsang ba 'dus pa zhes bya ba brtag pa'i rgyal po chen po
F418 - dgongs pa lung bstan pa zhes bya ba'i rgyud