| e-texts navigator |
| Wylie |
256'a1 ། ལ་ལག་ཏུ་རལ་གྲི་ལེགས་བསྒོམས་ན།། རལ་གྲིའི་རིག་པ་འཛིན་པར་འགྱུར།། རྣཔ་དམ་ཚིག་མཆོག་ནི་འདི་བསྒྲུབ་པ།། སྐུ་ཡི་དམ་ཚིག་འདི་སྦྱོར་ལས།། དམ་ཚིག
256'a2 རིགས་ནི་དེ་བསྒོམ་པ།། ཡེ་ཤེས་རྡོ་རྗེ་དག་གིས་བྱ།། བསྒྲུབ་བྱ་རྡོ་རྗེའི་དབྱེ་བ་ལས།། མདུང་ཐུང་རྡོ་རྗེ་ལྕགས་ཀྱུ་སོགས།། སྐུ་གསུང་ཐུགས་ཀྱི་བསྒྲུབ་པ་ཡིས།། བསམ་གཏན
256'a3 ཉིད་ཀྱིས་སྒྲུབ་པར་འགྱུར།། དམ་ཚིག་ཆེན་པོ་འབྱུང་བ་ཡི།། དམ་ཚིག་དངོས་གྲུབ་ཅེས་བྱ་བའི།། མི་ཕྱེད་རྡོ་རྗེ་གསུམ་དབང་ཕྱུག། སྣ་ཚོགས་བཅོམ་ལྡན་འདས་ཀྱིས་གསུངས།། སྐྱུག
256'a4 བསྔལ་དང་ནི་ཀུན་འབྱུང་ཉིད།། འགོག་སྟེ་ལམ་དེ་བཞི་པོ་ནི།། ལ་གྱི་གཞི་མདོར་ཡང་དག་བཤད།། སྒྲུབ་པ་པོ་གནས་མིང་ཅན་ནོ།། ཤིང་གཅིག་དྲུང་དུ་ཡང་དག་བརྟག།
256'a5 ཆོས་དང་རྫོགས་ལོངས་སྤྱོད་མིང་ཅན།། སྣ་ཚོགས་མཚན་ཅིག་ཡང་དག་དགོད།། མཚན་མ་རྐྱེན་གྱི་གཟུགས་ཅན་ནི།། འབྱིན་དང་རྔུབ་པ་ཉིད་དང་ནི།། གནས་པ་ཡིས་ནི་ཉེར
256'a6 མཛེས་པ།། ཡིད་སྟོན་པའི་མཉམ་སྦྱོར་ལ།། རབ་ཏུ་ཞི་བའི་གན་སུ་བྱ།། དུས་གསུམ་རྟོག་པ་གཅིག་ལས་འདས།། རྡོ་རྗེ་ལྕགས་ཀྱུ་ཁྱད་པར་དུ།
256'a7 བསྒྲུབ་པ་པོས་ནི་རྟག་ཏུ་བསྒྲུབ། སྦྱོར་གསུམ་སྔགས་ཀྱི་སྐྱེས་བུ་ནི།། སྦྱོར་གསུམ་རྡོ་རྗེ་ཅན་བསམ་པ།། སྐུ་གསུང་ཐུགས་ཀྱི་ལྕགས་ཀྱུའོ།། སངས་རྒྱས་ཡེ་ཤེས་བློ་ཅ
256'a8 གྱིས།། མི་གསལ་གསལ་བར་ཡང་དག་ལྡན།། དེ་བཞིན་ཉིད་ཀྱི་ངོ་བོ་ལས།། འགྲོ་བ་ཐམས་དགུག་པར་བྱ།། རླུང་གི་དཀྱིལ་འཁོར་མཆོག་གནས་པ།། སངས་རྒྱས་དགུག་པ་དམ་པ་ཡིན།།