e-texts navigator
Collection
Volume
Page
Wylie

157b1 ཐོས།། མ་དེ་སྐྱེ་བ་དྲན་པར་འགྱུར།། གང་དུ་མདོ་སྡེའི་མཆོག་འདི་ནས།། ཡུལ་འཁོར་དེ་ཡང་འབྱོར་པར་འགྱུར།། དུས་ཀུན་ཏུ་ནི་གནས་པ་དང་།། ཀློག
157b2 གམ་ཡང་ན་མཆོད་པར་བྱེད།། འདི་ནི་ཡིད་ལ་འཛིན་བྱེད་པ།། སྡིག་པ་ཀུན་ལས་གྲོལ་བར་འགྱུར།། བཅོམ་ལྡན་འདས་ཀྱི་དེ་སྐད་ཅེས་བཀའ་སྩལ་པ་དང་།
157b3 རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ལ་ཡང་དང་ཡང་དུ་ཕྱག་བྱས་ནས་སོང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཐམས་ཅད་དང་ལྡན
157b4 བའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས
157b5 གསུངས་པ་ལ་མངོན་པར་སྟོད་དོ།། གཎྜཱི་ཡི་མདོ་རྫོགས་སྷོ།། །། དརྒྱ་གར་གྱི་མཁན་པོ་དང་མ་ཤྲི་དང་ཀྲ་དང་། ལོ་ཆེ་བ་དགེ་སློང
157b6 ཚུལ་ཁྲིམས་ཡོན་ཏན་གྱིས་བསྒྱུར། ཞུ་ཆེན་གྱི་ལོ་ཅང་དགེ་སློང་རིན་ཆེན་བཟང་པོས་བཅོས་ཏེ་གཏན་ལ་བབ་པའོ།། མངྒ་ལ། རྒྱ
157b7 གར་སྐད་དུ། སྭ་སྟྭཾ་ག་ཐཱ། བོད་སྐད་དུ། བདེ་ལེགས་ཀྱི་ཚིགས་སུ་བཅད་པ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ལྷ་ཞིག་ཉེ་བ
157b8 འོངས་ནས་སུ།། ལྷས་མཆོད་པ་ལ་ཞུས་བྱས་ཏེ།། སངས་རྒྱས་ཆེན་པོ་ཐུབ་པ་ཆེ།། ཅི་ཞིག་སྨྲས་ན་བདེ་ལེགས་འགྱུར།། དེའི་ཚིག་དེ་གསན་གྱུར་ནས།། འཇིག




iiif viewer powered by OpenSeadragon

157a - 158a

Texts on this page

F370 - gaN DI'i mdo
F371 - bde legs kyi tshigs su bcad pa