e-texts navigator
Collection
Volume
Page
Wylie

139a1 ཤ་རིའི་བུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམས་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ
139a2 དང་། ཀུན་ཆུབ་པར་བྱེད་པ་དང་། སྒོམ་པར་སྦྱོར་བ་ལ་བརྩོན་པར་གནས་པ་དེ་དག་ནི། རིན་པོ་ཆེ་དང་འདྲ་བ་ཡིན་ཏེ། མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་མྱུར་དུ
139a3 ཐོབ་པར་འགྱུར་རོ།། གཞན་དག་ལ་ཡང་དགེ་བའི་རྩ་བ་རྣམས་ཡང་དག་པར་བསྐྱེད་པར་འགྱུར་རོ།། ཆོས་ཉུང་ངུ་ཀུན་ཆུབ་པར་བྱས་པས་ཀྱང་། ཆོས་མང་པོ་སྟོན
139a4 པར་འགྱུར་རོ།། སྤོབས་པ་མི་ཆོད་པར་ཡང་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཚེ་དང་ལྡན
139a5 པ་ཤ་རིའི་བུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །
139a6 ། འཕགས་པ་རིན་པོ་ཆེའི་མཐའ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་པྲང་ཉེ་བར་བ་མ་དང་། ཞུ
139a7 ཆེན་གྱི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས། སྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ།
139a8 ཨརྱ་ཤྲཱི་བ་སུ་པ་རི་བྲིད་ཆ་ན་མ་མ་ཧཱ་ཡ་ན་སུ་ཏྲ། བོད་སྐད་དུ། འཕགས་པ་དཔལ་དབྱིག་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་།




iiif viewer powered by OpenSeadragon

138b - 139b

Texts on this page

F315 - 'phags pa rin po che'i mtha' zhes bya ba theg pa chen po'i mdo
F316 - 'phags pa dpal dbyig gis zhus pa zhes bya ba theg pa chen po'i mdo