e-texts navigator
Collection
Volume
Page
Wylie

350b1 བོ་ཚངས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འའོ
350b2 དེ་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །
350b3 འདུས་པ་ཆེན་པོའི་ལེའུ་ལས། འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྫོགས་སྷོ།།
350b4 རྒྱ་གར་གི་མཁན་པོ་བ་ཙི་ཡ་ཤི་ལ་དང་། ཤི་ལེན་ཏྲ་པེ་དེ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེས་སྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏམ
350b5 ལ་ཕབ་པ།། ། @། རྒྱ་གར་སྐད་དུ། ཨརྱ་པི་ཤྭེ་ཤ་ཙན་ཏི་པྲ་མྦ་པྲ་རི་ཕྲིན་ཙ་ན་ན་མ་མ་ཧཱ་ཡ་ན་སུ་ཏྲ། བོད་སྐད་དུ། འཕགས་པ་ཚངས་པ
350b6 ཁྱད་པར་སེམས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། །། བམ་པོ་དང་པོའོ།། །། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག
350b7 འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལན་དྷ་ཀ་གནས་པའི་འོ་མིན་འཚལ་ན། དགེ་སློང་སྟོང་ཕྲག་དྲུག་ཅུ་རྩ
350b8 བཞི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། ཐབས་གཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་མངོན་པར་ཤེས




iiif viewer powered by OpenSeadragon

350a - 351a

Texts on this page

F159 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo
F160 - 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo