| e-texts navigator |
| Wylie |
323b1 བདག་གིས་ཅི་ཡང་མ་སྙེད་དེ། བདག་ནི་དིང་སླན་ཆད་སངས་རྒྱས་ལ་སྐྱབས་སུ་འཆིའོ།། ཆོས་དང་དགེ་འདུན་ལ་ཡང་སྐྱབས་སུ་འཆིའོ།། མཐུ་ཇི་ལྟ་བ་དང་། སྟོབས་ཅི་མཆིས
323b2 པས་འཕགས་པའི་ལས་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་པར་བགྱི་ཞིང་། སྦྱིན་པ་ཡང་བསྐུལ་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ
323b3 པ། གནས་འཇོག་འདི་ནི་ལེགས་པར་ཡིན་ཏེ།། ཁྱོད་ཀྱི་བྱ་བ་ནི་དེ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྲམ་ཟེ་གནས་འཇོག་དང་། ལྷ་དང་མི
323b4 དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་པ་རླངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་གནས་འཇོག་ཅེས་བྱ་བའི་མདོ།། །
323b5 རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་ན་དེ་བ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ། དཔལ་བརྩེགས་སོགས་པས། བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕག་པ།།
323b6 རྒྱ་གར་སྐད་དུ། ཨཱརྱ་དྲི་ཤ་ར་ན་ག་མ་ན་མ་ཧཱ་ཡཱ་ན་སུ་ཏྲ་མ། བོད་སྐད་དུ། འཕགས་པ་དཀོན་མཆོག་ལྷ་སྐྱབས་སུ་འགྲོ་བ་ཞེས་བྱ་བ་ཐེག
323b7 པ་ཆེན་པོའི་མདོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་བླ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ།
323b8 མགོན་མེད་ཟས་སྦྱིན་གྱིས་ཀུན་དགའ་ར་བ་ན། དགེ་སློང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ།། དེ་ནས་དེའི་ཚེ།