e-texts navigator
Collection
Volume
Page
Wylie

303b1 མཁན་པོ་འཛིན་མི་ཐ་དང་། དན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་བསྒྱུར་ཅིང་། ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།།
303b2 རྒྱ་གར་སྐད་དུ། ཨཱརྱ་ཨང་བྱེ་ཏརྨ་བརྱ་བ་ནཱམ། བོད་སྐད་དུ། འཕགས་པ་རྨད་དུ་བྱུང་བ
303b3 ཆེན་པོའི་ཆོས་ཀྱི་རྣམ་གྲངས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན།
303b4 འོད་མའི་ཚལ་བྱ་ཀ་ལ་གནས་པ་ན་བཞུགས་སོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ།། སྔ་དྲོའི་དུས་ཀྱི་ཚེ། ཆོས་གོས་དང་། ཤམ་ཐབས་བགོས་ཏེ། ལྷུང་བཟེད་ཐོགས
303b5 ནས། རྒྱལ་པོའི་ཁབ་དུ་གྲོང་ཁྱེར་དུ་མཐར་ཆགསུ་བསོད་སྙོམས་སྤྱོད་པའི་ཚེ། ཕྱོགས་ཤིག་ན་ཁང་པ་བརྩེགས་པ་སྒོ་བརྒྱད་ཅུ་ཡོད་ལ། བྱུག་པ་བྱུགས་པ། གདུགས་དང་།
303b6 རྒྱལ་མཚན་དང་། བ་དན་བསྒྲེང་། དར་གྱིས་ལྔ་ལྡི་མང་པོ་སྦྱངས་པ་ཞིག་མཐོང་ནས། དེ་འདི་སྙམ་སེམས་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་གང་ལ་ལ་ཞིག་གིས
303b7 ཁང་པ་བརྩེགས་པ་འདི་ལྟ་བུ་བྱས་ཏེ། ཕྱོགས་བཞིའི་དགེ་འདུན་ལ་ཕུང་བ་དང་། གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོས།
303b8 སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་རྒྱལ། ཁབ་ཙམ་གྱི་སྲོག་ཤིང་བརྡུགས་ཏེ། རྒྱ་ཤུགས་ཀྱི་ལོ་མ་ཙམ་གདུགས་སུ




iiif viewer powered by OpenSeadragon

303a - 304a

Texts on this page

F128 - 'phags pa zung gi mdo'i chos kyi rnams grangs
F129 - 'phags pa rmad du byung ba zhes bya ba chos kyi rnam grangs